མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སློབ་གསོ་པུའི་གསར་འགྱུར་མགྲིན་ཚབ་པས་མཐོ་རིམ་སློབ་གྲྭའི་ཡིག་རྒྱུགས་སྒྱུར་བཅོས་ཇུས་གཞི་སྔོན་དཔག་བྱས་ན་དུས་སང་ལོ་སྟོད་དུ་ཁྱབ་བསྒྲགས་བྱེད་རྒྱུ་རེད་ཅེས་བསྟན།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-12-29 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་པུའི་གསར་འགྱུར་མགྲིན་ཚབ་པ་ཤུས་མའེ་ཡིས་སྤྱི་ཚེས26ཉིན་སློབ་གསོ་པུའི་གསར་འགྱུར་གཞུང་ལས་ཁང་གི་གཞུང་ཕྱོགས་པོད་ཕྲན་ཐོག་བགྲོ་གླེང་བྱེད་སྐབས་མིག་སྔར་སློབ་གསོ་པུས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གཞིར་བཟུང་། ཡིག་རྒྱུགས་དང་སློབ་མ་སྐོང་བསྡུའི་ལམ་ལུགས་སྒྱུར་བཅོས་སྐོར་གྱི་སྤྱིའི་ཇུས་གཞི་དང་མཐོ་རིམ་སློབ་གྲྭའི་ཡིག་རྒྱུགས་སྒྱུར་བཅོས་སོགས་ཁྱབ་ཁོངས་ཁག་གི་སྒྱུར་བཅོས་ལག་བསྟར་གྱི་བསམ་འཆར་ལ་ཞིབ་འཇུག་གཏན་འབེབས་བྱས་ཏེ། སྔོན་དཔག་བྱས་ན་དུས་སང་ལོ་སྟོད་དུ་ཁྱབ་བསྒྲགས་བྱ་རྒྱུ་རེད་ཅེས་བསྟན།

ཁོང་གིས་ངོ་སྤྲོད་གནང་བར་གཞིགས་ན། ཞིང་ཆེན་ཁག་གིས་སྤྱི་ལོ2014ལོའི་ལོ་མཇུག་ཏུ་ས་གནས་དེ་གའི་ཞིབ་ཕྲའི་ལག་ལེན་བྱེད་ཐབས་འདོན་རྒྱུ་ཡིན་པ་དང་། ཆ་རྐྱེན་ལྡན་པའི་ཞིང་ཆེན་གྱིས་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའམ་ཡང་ན་ཆེད་དོན་སྒྱུར་བཅོས་ཚོད་ལྟ་བྱེད་འགོ་འཛུགས་རྒྱུ་དང་། སྤྱི་ལོ2017ལོར་ཁྱབ་གདལ་ལག་བསྟར་གྱི་ཕྱོགས་སྡོམ་བྱ་རྒྱུ། སྤྱི་ལོ2020ལོར་གཞི་རྩའི་ཆ་ནས་ཡིག་རྒྱུགས་བཏང་ནས་སློབ་མ་བསྡུ་བའི་ལམ་ལུགས་གསར་པ་ཞིག་འགྲུབ་པ་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག