མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཁམ་ཕུ་ཁྲེ་ཡི་གྲོས་ཞུགས་ཁང་གི་ཀྲུའུ་ཞི་གཞོན་པ་གཉིས་བ་ཏིས་ནའོ་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-29 10:50

111.jpg

  ཚེས27ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་ནས་ཁམ་ཕུ་ཁྲེ་ཡི་གྲོས་ཞུགས་ཁང་གི་ཀྲུའུ་ཞི་གཞོན་པ་གཉིས་པ་ཏིས་ནའོ་ལ་མཇལ་འཕྲད་གནང་། 

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས27ཉིན་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་ནས་ཁམ་ཕུ་ཁྲེ་ཡི་གྲོས་ཞུགས་ཁང་གི་ཀྲུའུ་ཞི་གཞོན་པ་གཉིས་པ་ཏིས་ནའོ་ལ་མཇལ་འཕྲད་གནང་།

  ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཁམ་ཕུ་ཁྲེ་ནི་ཁྱིམ་མཚེས་བཟང་བོ་དང་སྤུན་ཟླ་བཟང་བོ། གྲོགས་པོ་བཟང་བོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ལས་དབང་ལ་འདྲ་ས་མང་པོ་ཡོད། ད་ལོར་ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ང་ལྔ་ལོན་པ་དང་ཀྲུང་གོ་དང་ཁམ་ཕུ་ཁྲེ་བར་མཛའ་མཐུན་འབྲེལ་བ་བཙུགས་ནས་ལོ་འཁོར་ང་ལྔ་ལོན་པའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་བཀོད་པའི་གྲོས་མཐུན་གལ་ཆེན་གྱི་ངོས་ཟིན་དངོས་འབེབས་བྱས་པ་དང་། ཁྱབ་ཁོངས་མཉམ་ལས་མང་པོའི་ཐད་ནས་གྲུབ་འབྲས་མང་པོ་བླངས་ཡོད་ཟེར།

  ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོས་ཁྱིམ་མཚེས་བཟང་བོའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། མཐའ་འཁོར་རྒྱལ་ཁབ་ཀྱི་དངོས་གཉེར་མཉམ་ལས་བྱ་བ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་པ་དང་། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཁམ་ཕུ་ཁྲེ་ཡི་གྲོས་ཞུགས་ཁང་བར་གྱི་བརྗེ་རེས་དང་མཉམ་ལས་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། ཕན་ཚུན་སློབ་སྦྱོང་བྱས་ནས། རང་སོ་སོའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཡར་སྐུལ་བྱེད་པ་དང་། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་གཏིང་ཟབ་ཏུ་སྤེལ་བར་དགེ་མཚན་ལྡན་པའི་ནུས་པ་འདོན་ངེས་ཡིན་ཟེར།

  ཏིས་ནའོ་ཡིས་བསྟན་དོན། ཀྲུང་གོ་ནམ་ཡིན་ཡང་ཁམ་ཕུ་ཁྲེ་ཡི་ཆེས་ཡིད་ཆེས་ཐོབ་པའི་གྲོགས་པོ་བཟང་བོ་ཡིན། ཁམ་ཕུ་ཁྲེ་གྲོས་ཞུགས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་བར་གྱི་འགྲོ་འོང་དང་འབྲེལ་བ་ཇེ་དམ་དུ་གཏོང་འདོད་ཡོད་པ་དང་། མུ་མཐུད་དུ་དངོས་གཉེར་མཉམ་ལས་བྱ་བར་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག