མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་སྒྲིག་འཛུགས་པུས་ཉེ་དུས་བརྡ་ཐོ་བཏང་ནས་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་འཚོ་བའི་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཏང་ཡོན་པ་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ལ་འཚམས་འདྲི་ཞུ་བའི་བྱེད་སྒོ་སྤེལ་རྒྱུའི་ཐད་བཀོད་སྒྲིག་བྱེད་དགོས་ཞེས་བཤད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-12-29 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་སྒྲིག་འཛུགས་པུས་ཉེ་དུས་བརྡ་ཐོ་བཏང་ནས་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་འཚོ་བའི་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ལ་འཚམས་འདྲི་ཞུ་བའི་བྱེད་སྒོ་སྤེལ་རྒྱུའི་ཐད་བཀོད་སྒྲིག་བྱེད་དགོས་ཞེས་བཤད་ཡོད།

བརྡ་ཐོ་ནས་ཏང་ཡོན་ལ་གཟིགས་སྐྱོང་བྱེད་དགོས་པ་དང་ལྷག་དོན་དུ་འཚོ་བའི་ཐད་ལ་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ལ་རོགས་རམ་དང་གཟིགས་སྐྱོང་བྱེད་རྒྱུ་དེ་ནི་ང་ཚོའི་ཏང་གི་ཕུལ་བྱུང་གི་སྲོལ་རྒྱུན་ཡིན་ལ། རིམ་པ་ཁག་གི་ཏང་སྒྲིག་འཛུགས་ཀྱི་འགན་དཀྲི་གལ་ཆེན་ཡང་ཡིན་ཞེས་དང་། ས་གནས་ཁག་དང་སྡེ་ཁག་ཁག་གིས་དུས་ཐོག་ལ་ཏང་གི་གཟིགས་སྐྱོང་དང་དྲོ་སྐྱིད་འཚོ་བའི་ཐད་ལ་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ཀྱི་སྙིང་ཁོངས་སུ་བསྐྱལ་ནས་ཁོང་ཚོས་སྤྲོ་སྐྱིད་ལྡན་པའི་དུས་ཆེན་ཞིག་བསྐྱལ་ཐུབ་པ་བྱེད་དགོས་ཞེས་བཏོན་ཡོད།

བརྡ་ཐོ་ནས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་ཉེ་བའི་ལོ་ཤས་རིང་སྟོན་པའི་ལས་འཁྱུར་ངལ་གསོ་ཞུས་པའི་མི་སྣ་དང་འབྲེལ་ཡོད་ཐོབ་ཐང་ཐག་གཅོད་དང་ལས་འཁྱུར་བྱེད་གྲབས་ཡོད་པའི་ལས་བྱེད་པའི་སྨན་བཅོས་ཀྱི་ཐོབ་ཐང་དང་ནད་གཡོག་གི་གྲོན་དངུལ་ཚད་གཞི་མཐོ་རུ་གཏོང་དགོས་པ། ལས་འཁྱུར་ལས་བྱེད་པའི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ་དང་སྤྲོད་པའི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ་སོགས་ཀྱི་སྲིད་ཇུས་ཀྱི་གནས་ཚུལ་དོན་འཁྱོལ་དང་ནན་ཏན་གྱི་ཞིབ་བཤེར་བྱས་ཐོག གནད་དོན་ཤེས་རྟོགས་བྱུང་ཚེ་དུས་ཐོག་ལ་ཐག་གཅོད་བྱེད་དགོས། དམངས་སྲིད་དང་ནོར་སྲིད་སྡེ་ཁག་ནས་མཐུན་སྦྱོར་སྦྲེལ་མཐུད་བྱས་ནས་གཟིགས་སྐྱོང་ཁ་གཏད་སོགས་མི་སྣ་འགའ་ཤས་ཀྱི་ཁ་གསབ་དང་འཚོ་བའི་རོགས་རམ་ཚད་གཞི་ལེགས་བསྒྲིགས་བྱེད་རྒྱུའི་སྐོར་གྱི་བརྡ་ཐོའི་བླང་བྱར་གཞིགས་ཏེ། སྤྱི་ལོ2013ལོའི་ཟླ་བ10པ་ནས་ཟླ་བ12པའི་བར་གསབ་སྣོན་བྱས་པའི་འཚོ་བའི་ཁ་གསབ་རོགས་དངུལ་དང་སྤྱི་ལོ2014ལོའི་ལོ་སྟོད་ཀྱི་འཚོ་བའི་ཁ་གསབ་རོགས་དངུལ་དེ་དཔྱིད་གསར་དུས་ཆེན་གོང་ཆ་རྐྱེན་དང་མཐུན་པའི་ཏང་ཡོན་རྒན་གྲས་ཀྱི་ལག་ནང་འདང་ངེས་སྤྲོད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག