མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས«དངོས་གཉེར་གྲོན་ཆུང་བྱས་ནས་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ»ལག་བསྟར་བྱེད་དགོས་ཞེས་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-29 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཚེས27ཉིན་བརྡ་ཐོ་བཏང་སྟེ། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྣེ་ཁྲིད་དེ«དངོས་གཉེར་གྲོན་ཆུང་བྱས་ནས་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ»ལག་བསྟར་བྱེད་པ་དང་། ལྟ་རྟོག་ལག་བསྟར་བྱ་བར་ཤུགས་བསྣན་ནས་བརྡ་ཐོའི་རེ་བ་དངོས་འབེབས་བྱེད་རྒྱུ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོ་ལས་བསྟན་དོན། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བ་དང་གང་འདོད་དུ་ཆུད་ཟོས་སུ་གཏོང་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱས་ནས། གནད་དོན་གཅིག་བྱུང་ན་དེ་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་དགོས་པར་མ་ཟད་མིང་བཏོན་ནས་ཁྱབ་སྒྲོག་བྱེད་དགོས་ལ། གནད་དོན་ཚབས་ཆེན་ཡིན་ན་ཏང་རྩ་འཛུགས་ཀྱི་འགན་ཁུར་བ་གཙོ་བོ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་རྟོག་འགན་འཁྲི་རྩད་གཅོད་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞུ་གཏུག་ཁ་པར་དང་དྲ་ཚིགས། ཡིག་སྒམ་བཅས་ཁྱབ་སྒྲོག་བྱེད་པ་དང་། ཏང་ནང་ཁུལ་དང་རྒྱ་ཆེའི་མང་ཚོགས། གསར་འགྱུར་སྨྱན་བྱད་བཅས་ཀྱིས་ཞུ་གཏུག་དང་ལྟ་རྟོག་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག