མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་རྒྱལ་ཡོངས་ཀྱི་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ཉི་ཤུ་ལོན་པར་དྲན་གསོ་ཞུ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུར་ཞུགས་ནས་གསུངས་བཤད་གལ་ཆེན་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-29 10:49

3.jpg

  ཟླ12པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་རྒྱལ་ཡོངས་ཀྱི་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ཉི་ཤུ་ལོན་པར་དྲན་གསོ་ཞུ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུར་ཞུགས་ནས་གསུངས་བཤད་གལ་ཆེན་གནང་།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་ཚེས27ཉིན་རྒྱལ་ཡོངས་ཀྱི་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་འཁོར120ལོན་པར་དྲན་གསོ་ཞུ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུར་ཞུགས་ནས་གསུངས་བཤད་གལ་ཆེན་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་འཁོར120ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། ཕྱོགས་ཡོངས་དང་ཚན་རིག་དང་མཐུན་པའི་སྒོ་ནས་བློ་མཐུན་མའོ་ཙེ་ཏུང་དང་མའོ་ཙེ་ཏུང་གི་དགོངས་པའི་ལོ་རྒྱུས་མཛད་རྗེས་དང་ལོ་རྒྱུས་གོ་གནས་གསལ་བོར་ཤེས་པར་བྱེད་དགོས་ལ། མའོ་ཙེ་ཏུང་དགོངས་པའི་སྙིང་སྟོབས་ངོ་བོ་དང་དེང་རབས་ཀྱི་རིན་ཐང་རྒྱས་བཤད་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་དང་ལྡན་པའི་ནུས་ཤུགས་གཅིག་སྡུད་བྱེད་དགོས་ཞེས་ནན་གྱིས་བསྟན།

  ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། མའོ་ཙེ་ཏུང་གི་དགོངས་པར་སློབ་སྦྱོང་དང་ཞིབ་འཇུག་བྱེད་རྒྱུ་ནི་ཏང་གི་རིགས་གཞུང་འཛུགས་སྐྲུན་གྱི་རྩ་བའི་ལས་འགན་ཞིག་ཡིན་པས། མར་ཁེ་སི་རིང་ལུགས་ཀྱི་རིགས་གཞུང་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་གཞུང་མ་ལག་ཞིབ་འཇུག་རྟེན་གཞི། ཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་ཐེབས་རྩ་བཅས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ་དང་། ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ། སྤྱི་ཚོགས་ཚན་རིག་ཞིབ་འཇུག ཏང་གི་སློབ་གྲྭ། མཐོ་རིམ་སློབ་གྲྭ་སོགས་ལས་ཁུངས་ཀྱི་གཙོ་ཤུགས་དམག་དཔོན་གྱི་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས། ཕྱོགས་སོ་སོས་མའོ་ཙེ་ཏུང་གི་དགོངས་པར་ཞིབ་འཇུག་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག