མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྩིས་བཤེར་ལས་ཁུངས་ཀྱིས་གཙོ་གནད་ས་ཁུལ་གྱི་འགོ་ཁྲིད་ལས་བྱེད་པས་འགན་ཡུན་འཁུར་རིང་ཉུང་མཐར་ཡང་རྩིས་བཤེར་ཐེངས་གཅིག་བྱེད་དགོས་ཞེས་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-29 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྩིས་བཤེར་ལས་ཁུངས་ཀྱི་རྩིས་བཤེར་དཔོན་ལིའུ་ཅ་དབྱིས་ཉིན་ཤས་གོང་རྩིས་བཤེར་ལས་ཁུངས་ཀྱིས་དཔལ་འབྱོར་འགན་དཀྲིའི་རྩིས་བཤེར་བྱེད་ནུས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། རྩིས་བཤེར་འཆར་འགོད་གཅིག་གྱུར་བཀོད་སྒྲིག་ཡག་པོ་བྱེད་དགོས་པ་དང་རྩིས་བཤེར་འགན་འཁུར་རིང་དང་རྩིས་བཤེར་ལས་བྲལ་གྱི་ཟུང་སྦྲེལ་བྱེད་ཐབས་རྒྱུན་འཁྱོངས་བྱས་ཐོག གཙོ་གནད་ས་ཁུལ་དང་སྡེ་ཁག། ལས་ཁུངས། ལས་གནས་གཙོ་བོའི་འགོ་ཁྲིད་ལས་བྱེད་པས་འགན་ཡུན་འཁུར་རིང་ཉུང་མཐར་ཡང་རྩིས་བཤེར་ཐེངས་གཅིག་བྱེད་དགོས་ཞེས་གསུང་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་རྒྱལ་ཡོངས་ནས་ཁྱོན་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་དང་ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་འགོ་ཁྲིད་མི་སྣ་ཉིས་ཁྲི་དྲུག་སྟོང་ལ་དཔལ་འབྱོར་འགན་དཀྲི་རྩིས་བཤེར་བྱས་པ་དང་། འགོ་ཁྲིད་ལས་བྱེད་པས་ཐད་ཀར་འགན་དཀྲི་འཁུར་བའི་གནད་དོན་ཡོད་པའི་མ་དངུལ་སྒོར་དུང་ཕྱུར230རྩད་ཆོད་ཐུབ་པ་དང་། རྩིས་བཤེར་འགོ་ཁྲིད་ལས་བྱེད་པ62དང་དེ་མིན་མི་སྣ135ཡི་གནད་དོན་ཁྲིམས་འཛིན་ལས་ཁུངས་དང་ཞིབདཔྱོད་ལས་ཁུངས་ལ་ཐག་གཅོད་བྱེད་རྒྱུར་སྐྱེལ་སྤྲོད་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག