མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཉེ་ལམ་དངོས་གཉེར་གྲོན་ཆུང་བྱས་ནས་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-28 12:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཉེ་ལམ་དངོས་གཉེར་གྲོན་ཆུང་བྱས་ནས་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

བརྡ་ཐོ་ལས2014ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་བཀྲ་ཤིས་སྤྲོ་སྐྱིད་ཀྱི་དུས་ཆེན་ཞིག་རོལ་བར་འགན་སྲུང་བྱེད་དགོས་ཞེས་བསྟན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་འཐད་པ་བྱུང་བ་བརྒྱུད་ནས་འབྲེལ་ཡོད་ཕྱོགས་དགུའི་བྱ་བ་བཟང་བོར་སྒྲུབ་དགོས། གཅིག གཞི་རིམ་དུ་སོང་ནས་མང་ཚོགས་ལ་ཕན་པའི་བྱ་བ་བཟང་བོར་སྒྲུབ་དགོས། གཉིས། དུས་ཆེན་སྐབས་སུ་ཚོང་རའི་མཁོ་འདོན་བཟང་ཞིང་རིན་གོང་བརྟན་འཇགས་ཡིན་པར་འགན་སྲུང་བྱེད་དགོས། གསུམ། ལོ་སར་སྐབས་ཀྱི་སྐྱེལ་འདྲེན་བྱ་བ་བཟང་བོར་སྒྲུབ་དགོས། བཞི། རིག་གནས་སྤེལ་ཞིང་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་རྒྱ་ཆེར་སྤེལ་དགོས། ལྔ། བདེ་འཇགས་ཐོན་སྐྱེད་བྱ་བ་བཟང་བོར་སྒྲུབ་དགོས། དྲུག སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། བདུན། གྲོན་ཆུང་དཔལ་ཡོན་སྒོས་དུས་ཆེན་རོལ་བའི་དར་སྲོལ་བཟང་བོ་ཆགས་པར་བྱེད་དགོས། བརྒྱད། སྤྱོད་གཙང་རང་གཅུན་གཏན་འཁེལ་ལག་བསྟར་ནན་མོ་བྱེད་དགོས། དགུ། དུས་ཆེན་སྐབས་ཀྱི་ལས་རེས་བྱ་བ་བཟང་བོར་བསྒྲུབ་དགོས་པ་བཅས་རེད།

ས་གནས་སོ་སོ་དང་ལས་ཁུངས་སོ་སོ། སྡེ་ཁག་སོ་སོ་བཅས་ཀྱིས་དུས་ཆེན་སྐབས་ཀྱི་འབྲེལ་ཡོད་བྱ་བར་ནན་ཏན་སྒོས་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ་དང་ལྟ་རྟོག་ཞིབ་བཤེར་བྱ་བར་ཤུགས་བསྣན་ནས། བརྡ་ཐོ་ལས་བཏོན་པའི་རེ་བ་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་རྒྱུར་འགན་སྲུང་བྱེད་དགོས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག