མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

པུའུ་གཉིས་ཀྱིས་སྦགས་བཙོག་མེད་པའི་ཞིང་པའི་སྡོད་ཁང་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-12-28 12:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཟླ12པའི་ཚེས26ཉིན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ནས་ཤེས་རྟོགས་བྱུང་བར། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུས་སྦགས་བཙོག་མེད་པའི་ཞིང་པའི་སྡོད་ཁང་འཛུགས་སྐྲུན་བྱེད་པ་དང་། སྦགས་བཙོག་མེད་པའི་ཞིང་པའི་སྡོད་ཁང་འཛུགས་སྐྲུན་གྱི་ཐབས་ལམ་དང་ལག་རྩལ་ཁྱབ་གདལ་གཏོང་བ། སྦགས་བཙོག་མེད་པའི་ཞིང་པའི་སྡོད་ཁང་གི་དཔེ་སྟོན་ཁག་ཅིག་འཛུགས་སྐྲུན་བྱེད་པ། སྦགས་བཙོག་མེད་པའི་འཛུགས་སྐྲུན་རྒྱུ་ཆ་གཤམ་སྐྱེལ་ལ་སྐུལ་ཁྲིད་བྱེད་པ། པེ་ཅིང་དང་ཐན་ཅིན་མཐའ་འཁོར་དང་། འབྲི་ཆུའི་ཟུར་གསུམ་གླིང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་སོགས་ཀྱི་ཁོར་ཡུག་གནོད་འཚེ་ཕོག་སླ་བའི་ས་ཁོངས་ནང་གི་སྦགས་བཙོག་མེད་པའི་ཞིང་པའི་སྡོད་ཁང་གི་བསྡུར་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན།

པུའུ་གཉིས་ཀྱིས། ས་གནས་ཁག་གིས་རང་ས་ཁུལ་གྱི་མིག་སྔའི་ཞིང་པའི་སྡོད་ཁང་འཛུགས་སྐྲུན་ནང་གནས་པའི་གནད་དོན་གཙོ་བོར་དམིགས་ཏེ། སྦགས་བཙོག་མེད་པའི་ཞིང་པའི་སྡོད་ཁང་འཛུགས་སྐྲུན་དང་། སྦགས་བཙོག་མེད་པའི་འཛུགས་སྐྲུན་རྒྱུ་ཆ་གཤམ་སྐྱེལ་བྱེད་པའི་ལས་དོན་ལ་འགོག་རྐྱེན་བཟོས་པའི་འགག་རྩའི་ལྷུ་ཚིགས་ཡང་དག་གསལ་རྟོགས་ཐུབ་པ་བྱས་ཏེ། གཙོ་གནད་སྐུལ་འདེད་གཏོང་ཐུབ་པ་བྱེད་དགོས་པ་དང་། ས་གནས་དེ་གའི་རིན་གོང་ཁེ་ལ་སྤྱོད་སྒོ་ཆོད་པའི་སྦགས་བཙོག་མེད་པའི་འཛུགས་སྐྲུན་རྒྱུ་ཆ་བེད་སྤྱོད་གང་ལེགས་བྱེད་པ་དང་། སྲོལ་རྒྱུན་བཟོ་རྩལ་རྒྱུན་འཛིན་བྱེད་པ། སྲོལ་རྒྱུན་ཞིང་པའི་སྡོད་ཁང་ལེགས་བཅོས་བྱེད་པ། སྲོལ་རྒྱུན་རྣམ་པ་སོར་འཇོག་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག