མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་ད་ལོ་སྔོན་དཔག་བྱས་པ་ལྟར་ན་གཞུང་ལམ་དང་ཆུ་ལམ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར1.53ལེགས་འགྲུབ་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-12-28 12:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པུའུ་ཀྲང་ཡང་ཁྲོན་ཐང་གིས་སྤྱི་ཟླ12པའི་ཚེས27ཉིན་རྒྱལ་ཡོངས་འགྲིམ་འགྲུལ་ལས་དོན་གྲོས་ཚོགས་ཐོག རང་རྒྱལ་གྱི་གཞུང་ལམ་དང་། ཆུ་ལམ་ལས་རིགས་ཀྱིས་ད་ལོ་བརྟན་པོའི་ངང་ཡར་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་འཕེལ་རིམ་གསར་པ་ཐོན་ཡོད། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་གཞུང་ལམ་དང་ཆུ་ལམ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར1.53ལེགས་གྲུབ་བྱུང་བ་དང་། དེ་དུས་མཚུངས་ལས5.56%འཕར་སྣོན་བྱུང་བ་ཕྱིན་པ་ཁྱབ་བསྒྲགས་བྱས་ཡོད།

གྲོང་གསེབ་ཀྱི་གཞུང་ལམ་ཐད། ནུབ་རྒྱུད་ས་ཁུལ་གྱི་གྲོང་གསེབ་གཞུང་ལམ་ཤར་གཏོང་ལས་གྲྭ་དང་། དབུས་ཤར་རྒྱུད་ས་ཁུལ་གྱི་རྫོང་དང་ཤང་གི་གཞུང་ལམ་བསྒྱུར་བཀོད་ཤར་གཏོང་ལས་གྲྭའི་འཛུགས་སྐྲུན་བརྟན་པོའི་ངང་སྐུལ་འདེད་བཏང་བ། གཅིག་བསྡུས་ཡུག་གཅིག་སྒྲིལ་གྱི་དབུལ་ཕོངས་ས་ཁུལ་གྱི་འགྲིམ་འགྲུལ་རྣམ་གྲངས་འཛུགས་སྐྲུན་ལག་བསྟར་ཇེ་མགྱོགས་སུ་བཏང་བ་བཅས་སྔོན་དཔག་བྱས་ན་ལོ་ཧྲིལ་པོར་གྲོང་གསེབ་ཀྱི་གཞུང་ལམ་གསར་བསྐྲུན་དང་བསྐྱར་བསྐྲུན་བྱེད་ཚད་སྤྱི་ལེ210000ཟིན་གྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག