མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུད་ཀྱིས་བྱས་མི་ཆོག་པ་དགུ་གཏན་འབེབས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-12-28 12:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྨན་བཅོས་འཕྲོད་བསྟེན་གྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་ལྟར་ལས་གཉེར་དང་སྤྱོད་གཙང་སྨན་བཅོས་ལ་སྐུལ་འདེད་གཏོང་ཆེད་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུད་ཀྱིས་སྤྱི་ཟླ12པའི་ཚེས26ཉིན་མཉམ་འབྲེལ་ཐོག་གཏན་འབེབས་བྱས་པའི་སྨན་བཅོས་འཕྲོད་བསྟེན་གྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་བྱས་མི་ཆོག་པ་དགུ་ཞེས་པ་ཁྱབ་བསྒྲགས་བྱས་པ་དང་། བར་ཁེ་ལེན་པ་དང་། ནད་པའི་ལག་རྟགས་དངུལ་ལེན་པ་སོགས་ཀྱི་བྱ་སྤྱོད་གཏན་འགོག་བྱ་རྒྱུ་ཁ་གསལ་བཟོས་ཡོད་པ་རེད།

བྱས་མི་ཆོག་པ་དགུ་ཞེས་པའི་ནང་སྨན་བཅོས་འཕྲོད་བསྟེན་མི་སྣའི་སྒེར་གྱི་ཡོང་འབབ་དང་སྨན་རྫས་དང་གསོ་རིག་བརྟག་དཔྱད་ཡོང་འབབ་བར་འབྲེལ་བ་བྱེད་མི་ཆོག་པ་དང་། སྨན་སྤྲད་པའི་སྨན་རིན་ཁྲོད་ནས་བར་ཁེ་ལེན་རྒྱུ་མེད་པ། སྒྲིག་སྲོལ་ལས་འགལ་བའི་སྨན་རིན་ལེན་མི་ཆོག་པ། སྒྲིག་སྲོལ་ལས་འགལ་བའི་སྒོ་ནས་སྤྱི་ཚོགས་ཀྱི་ཞལ་འདེབས་རོགས་སྐྱོར་དང་ལེན་བྱེད་མི་ཆོག་པ། བྲིན་འཚོང་བྱེད་སྒོའི་ནང་ཞུགས་པ་དང་སྒྲིག་སྲོལ་ལས་འགལ་བའི་སྒོ་ནས་སྨན་བཅོས་བརྡ་ཁྱབ་ཁྱབ་བསྒྲགས་བྱས་མི་ཆོག་པ། ཚོང་ལས་དམིགས་ཡུལ་དུ་བྱས་ཏེ་སྨན་པས་སྨན་སྤྲད་པ་བསྡོམས་རྩིས་བྱས་མི་ཆོག་པ། སྒྲིག་སྲོལ་ལས་འགལ་བའི་སྒོ་ནས་རང་དགར་སྨན་བཅོས་ཐོན་སྐྱེད་ཉོ་སྒྲུབ་དང་བེད་སྤྱོད་གཏོང་མི་ཆོག་པ། བར་ཁེ་ལེན་མི་ཆོག་པ། ནད་པས་སྤྲད་པའི་ལག་རྟགས་དངུལ་ལེན་མི་ཆོག་པ་སོགས་ཡིན་པ་རེད།

སྡེ་ཁག་གཉིས་ནས་བྱས་མི་ཆོག་པ་དགུ་ཞེས་པའི་བརྡ་ཐོ་གཤམ་སྤེལ་བྱེད་སྐབས་ས་གནས་ཀྱི་རིམ་ཁག་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་དང་སྲིད་འཛིན་སྡེ་ཁག་ནས་སྤྱི་བདེ་དང་། ཞིབ་དཔྱོད། ས་གནས་སྒྲིག་བཤེར་ དང་ལྟ་ཞིབ་སོགས་སྒྲིག་ཁྲིམས་དང་ཁྲིམས་ལག་བསྟར་བྱེད་མཁན་ལས་ཁུངས་བར་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། སྤྱོད་ཚུལ་ལས་ཚབས་ཆེན་འགལ་བའི་བྱ་སྤྱོད་དང་གནས་ཚུལ་ཚབས་ཆེན། ཤུགས་རྐྱེན་ངན་པ་བཅས་ཀྱི་གྱོད་གཞི་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱེད་དགོས། བྱས་མི་ཆོག་པ་དགུ་ལས་འགལ་བའི་བྱ་སྤྱོད་ཡིན་ཕྱིན་ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་པོ་བྱེད་དགོས་པ་ལས་ཐར་པར་རྩ་བ་ནས་གཏོང་རྒྱུ་མེད་པའི་བླང་བྱ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག