མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ལོ2014ལོའི་སྤྱི་ཚོགས་ཀྱི་རྒྱབ་ཤ་སྔོན་པོའི་དེབ་འགྲེམས་སྤེལ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-12-28 12:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ12པའི་ཚེས26ཉིན་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གིས་སྤྱི་ལོ2014ལོའི་སྤྱི་ཚོགས་ཀྱི་རྒྱབ་ཤ་སྔོན་པོའི་དེབ་འགྲེམས་སྤེལ་བྱས་ཤིང་། དོ་ཁུར་བྱེད་འོས་པ་ཞིག་ནི་ད་ལོའི་རྒྱབ་ཤ་སྔོན་པོའི་དེབ་ནང་ཚང་མས་ཡོང་འབབ་བགོ་འགྲེམས་དང་དབུལ་ཕྱུག་གཉིས་སུ་གྱེས་པར་དོ་ཁུར་བྱེད་པ་དེ་དོ་ཁུར་ཆེ་ཤོས་བྱེད་པའི་སྤྱི་ཚོགས་ཀྱི་གནད་དོན་དུ་གྱུར་ཡོད་པ་རེད། སྤྱི་ལོ2012ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་མང་བའི་ཁྱིམ་ཚང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར43797ཟིན་པ་དང་། ཡོང་འབབ་དམའ་བའི་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར1587ཟིན་པས། ཡོང་འབབ་མཐོ་དམའི་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་ཧེ་བག་ནི་ལྡབ20ལྷག་ཟིན་ཡོད་ལ་ཚང་མས་དོ་ཁུར་བྱེད་ཡུལ་ཞིག་ཏུའང་གྱུར་ཡོད།

དེ་མིན་ལོ་བགྲེས་ཅན་དུ་གྱུར་བའི་གནད་དོན་ཡང་ཚང་མས་དོ་ཁུར་ཆེན་པོ་བྱེད་རིན་ཡོད་པ་ཞིག་ཏུ་གྱུར་བ་དང་། སྤྱི་ལོ2013ལོར་རང་ལོ60ཡན་གྱི་ལོ་བགྲེས་མི་འབོར་དུང་ཕྱུར2ཟིན་ཡོད། རྒྱབ་ཤ་སྔོན་པོའི་དེབ་ནང་དེའི་དབང་གིས་མི་འབོར་ལོ་བགྲེས་ཅན་དུ་འགྱུར་བ་དེ་རིམ་བཞིན་ཇེ་མགྱོགས་སུ་འགྲོ་བའི་བརྒྱུད་རིམ་ནང་སྤྱི་ཚོགས་ཡོངས་ཀྱིས་ལས་འཁྱུར་ངལ་གསོ་དང་རྒན་གསོའི་གནད་དོན་ལ་དོ་ཁུར་བྱེད་དགོས། གཞུང་ཞབས་པ་དང་བྱ་ལས་སྡེ་ཚན་གྱི་ལས་དོན་མི་སྣས་ངལ་འཁྱུར་ངལ་གསོའི་ལོ་ན་ནར་འགྱངས་སུ་འགྲོ་བའི་སྲིད་ཇུས་དང་ལེན་བྱེད་སླ་པོ་ཡིན། འོན་ཀྱང་ངལ་རྩོལ་ལས་དོན་གྱི་གླ་པ་དང་ལྷག་དོན་དུ་འཛུགས་སྐྲུན་དང་འཁལ་འཐག ཐོན་སྐྱེད་བཅས་ངལ་ནུས་ཆེ་བའི་ངལ་རྩོལ་པ་འདི་དག་གིས་ངལ་འཁྱུར་ངལ་གསོ་ནར་འགྱངས་བྱེད་པ་དེ་དང་ལེན་བྱེད་ཁག་ཙམ་ཡིན། རྒྱབ་ཤ་སྔོན་པོའི་དེབ་ནང་ལས་ཞུགས་བྱེད་པའི་གནད་དོན་ཐད་ལའང་དོ་ཁུར་བྱེད་བཞིན་པ་དང་། འབྱུང་འགྱུར་སྤྱི་ལོ2014ལོར་ལས་ཞུགས་བྱེད་པ་དེ་དཀའ་གནད་ཆེན་པོ་ཡོད། གྲོང་གསེབ་ཁྱིམ་ཚང་དཀྱུས་མའི་སློབ་ཐོན་སློབ་མ་ལས་ཞུགས་བྱེད་པ་དེ་ནི་དཀའ་ངལ་ཆེན་པོ་ཡིན་ཞེས་ནན་བཤད་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག