མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་མང་པོའི་གཞུང་ཚབ་ཆེན་མོ་བས་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-12-28 12:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོར་བཅའ་སྡོད་ཡོ་རོབ་མན་འབྲེལ་གྱི་གཞུང་ཚབ་ཆེན་མོ་བ་ཨེ་ཏེ་ཧོས་སྤྱི་ཟླ12པའི་ཚེས27ཉིན་གྱི་ཕྱི་དྲོ་ལོ་གསར་གྱི་ཤིས་ཚིག་སྤེལ་ནས་ཚང་མ་ལོ་གསར་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་ཡོད་པ་དང་ཀྲུང་གོའི་ཕུག་འདུན་དང་ཡོ་རོབ་མནའ་འབྲེལ་གྱི་ཕུག་འདུན་ཟུང་སྦྲེལ་བྱེད་རྒྱུའི་རེ་བ་གནང་ཡོད་པ་མ་ཟད་ཀྲུང་གོ་དང་ཡོ་རོབ་གླིང་གི་མི་དམངས་ནས་རང་ཉིད་ཀྱི་ཕུག་བསམ་མངོན་འགྱུར་ཡོང་བ་བྱེད་པའི་འགྲོ་ལམ་ཐོག་མདུན་སྐྱོད་བརྟན་པོ་བྱེད་རྒྱུའི་སྨོན་འདུན་ཞུས་ཡོད་པ་རེད།

ཀྲུང་གོར་བཅའ་སྡོད་སི་ལོ་ཝུན་ཉི་ཡའི་གཞུང་ཚབ་ཆེན་མོ་ཁང་དང་ཀྲུང་གོར་བཅའ་སྡོད་ཨའོ་སི་ཁྲུ་ལི་ཡའི་གཞུང་ཚབ་ཆེན་མོ་སུན་ཧྥང་ཨན། ཀྲུང་གོར་བཅའ་སྡོད་ཀེ་རི་སིའི་གཞུང་ཚབ་ཆེན་མོ་ཁང་། དབྱི་སི་རལ་གྱི་གཞུང་ཚབ་ཆེན་མོ་ཁང་བཅས་ཀྱིས་ལོ་གསར་གྱི་ཤིས་ཚིག་སྤེལ་བའི་ནང་དུས་འཐུང་ནང་ཀྲུང་གོར་འཐོབ་པའི་གྲུབ་འབྲས་ལ་ཧང་སང་པའི་རྣམ་པ་བསྟན་ཡོད་པ་རེད།

ཉེ་ཆར། འཇར་མན་དང་ཁ་སི་ཐ་རི་ཁོ། ཧོ་ལན། ཨ་ཀེན་ཐིང་། དཔལ་ཨུ་རུ་སུ། པོ་ཧི། ཡེ་མོན། མོང་གོལ་སོགས་རྒྱལ་ཁབ་ཀྱིས་ཀྱང་སྔ་རྗེས་སུ་ཕྱོགས་གཉིས་འབྲེལ་བར་གདེང་འཇོག་ཡག་པོ་བྱས་ཡོད་པ་མ་ཟད་རྒྱ་ཆེའི་ཀྲུང་གོའི་དྲ་གྲོགས་ལ་ལོ་གསར་གྱི་སྨོན་འདུན་ཞུས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག