མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་དང་པོའི་འཐུས་མིས་བཏོན་པའི་གྲོས་འགོ7569ཚང་མ་ཐག་གཅོད་ལན་བཏབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-12-28 12:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པས་སྤྱི་ཟླ12པའི་ཚེས25ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་གི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོའི་འཐུས་མིའི་གྲོས་འགོ་དང་། སྐྱོན་བརྗོད་དང་བསམ་འཆར་ཐག་གཅོད་བྱེད་ཚུལ་སྐོར་གྱི་སྙན་ཞུ་གསན་པ་དང་། སྙན་ཞུ་ལས་མངོན་པར། འཐུས་མི་ཚོས་བཏོན་པའི་གྲོས་འགོ7569ཚང་མ་ཐག་གཅོད་དང་ལན་བཏབ་ཟིན་་པ་རེད།

ཉེ་ལམ་ལོ་ཤས་རིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སློབ་གསོ་ཚན་པར་བཏོན་པའི་གྲོས་འགོའི་གྲངས་འབོར་དེ་འགན་གཉེར་ཚན་པའི་ཁྲོད་སྔར་ནས་མདུན་གྲལ་གྱི་ཨང་གསུམ་པར་སླེབས་ཡོད། སྤྱི་ལོ2013ལོར་སློབ་གསོ་ཚན་པས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོའི་འཐུས་མིས་བཏོན་པའི་གྲོས་འགོ810འགན་གཉེར་བྱས་ཡོད། སྤྱི་ཟླ12པའི་ཚེས25ཉིན་གྱི་གྲོས་ཚོགས་ཐོག་ད་དུང་སློབ་གསོ་པུའི་པུའུ་ཀྲང་ཡོན་ཀུའེ་རེན་གྱི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོའི་འཐུས་མིའི་གྲོས་འགོ་དང་སྐྱོན་བརྗོད་དང་བསམ་འཆར་ཐག་གཅོད་བྱེད་ཚུལ་སྐོར་གྱི་སྙན་ཞུ་གསན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག