མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཝང་དབྱི་ཡིས་ཀྲུང་གོར་སྡོད་པའི་འཇར་པན་གྱི་གཞུང་ཚབ་ཆེན་མོ་མུའུ་སི་ཁྲང་རིན་ལ་ཐུག་འཕྲད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-27 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཚེས26ཉིན་གྱི་ཕྱི་དྲོར་ཀྲུང་གོར་སྡོད་པའི་འཇར་པན་གྱི་གཞུང་ཚབ་ཆེན་མོ་མུའུ་སི་ཁྲང་རིན་ལ་ཐུག་འཕྲད་བྱས་ཏེ། ཀྲུང་གོ་སྲིད་གཞུང་གི་ཚབ་བྱས་ནས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཕེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་འཇལ་བའི་ཐད་ནས་འཇར་པན་ཕྱོགས་ལ་ཐ་ཚིག་ནན་མོ་བསྒྲགས་པ་དང་རྒོལ་གཏམ་དྲག་པོ་བཏང་།

ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཀྲུང་གོར་སྡོད་པའི་འཇར་པན་གྱི་གཞུང་ཚབ་ཆེན་མོ་མུའུ་སི་ཁྲང་རིན་ལ་ཐུག་འཕྲད་བྱས་རྗེས་སྨྱན་བྱད་མི་སྣར་བཤད་རྒྱུར། ཨན་ཕེ་ཡིས་ཅིན་གོ་ལྷ་ཁང་ལ་འཇལ་བ་དེས་རྣམ་པ་ཛ་དྲག་ཆེ་བའི་ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བའི་ཐད་ལ་ཆབ་སྲིད་ཀྱི་འགལ་རྐྱེན་གསར་བ་བཟོས་བ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་དེ་ལ་བཟོད་སྒོམ་གཏན་ནས་མི་བྱེད་པ་དང་འཇར་པན་ཕྱོགས་ཀྱིས་ངེས་པར་དུ་ཨན་ཕེ་ཡིས་བཟོས་བའི་ཆབ་སྲིད་ཐད་ཀྱི་མཇུག་འབྲས་ཚབས་ཆེན་གྱི་འགན་ཚང་མ་འཁུར་དགོས་ཟེར།

ཝང་དབྱི་ཡིས་བཤད་རྒྱུར། ཨན་ཕེ་ཡིས་ཅིན་གོ་ལྷ་ཁང་ལ་འཇལ་བ་དེས་ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞི་ཡི་རྩ་དོན་དང་དགོངས་དོན་དང་རྒྱབ་འགལ་བྱས་པ་དང་། འཇར་པན་སྐབས་རིམ་བྱོན་གྱི་སྲིད་གཞུང་དང་མགོ་ཁྲིད་པས་ལོ་རྒྱུས་གནད་དོན་ཐད་བཏོན་པའི་བསམ་ཚུལ་དང་བླངས་བའི་དམ་བཅའ་དང་རྒྱབ་འགལ་བྱས་པ་རེད། གལ་ཏེ་འཇར་པན་ཕྱོགས་ཀྱིས་བསམ་བཞིན་དུ་མུ་མཐུད་ནས་ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བའི་ཚད་ཐིག་དང་འགྲན་རྩོད་བྱེད་ན་ཀྲུང་གོ་ཕྱོགས་ཀྱིས་རང་གི་ལངས་ཕྱོགས་ཅིས་ཀྱང་རྒྱུན་འཁྱོངས་བྱེད་ངེས་ཡིན་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག