མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲུང་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཀིན་ཡན་ཧྲིན་གྱིས་ཨན་ཕེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་འཇལ་བ་ལས་བྱུང་བའི་མཇུག་འབྲས་ཡོད་ཚད་ཀྱི་འགན་འཁུར་དགོས་ཞེས་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-27 10:40

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཟླ12པའི་ཚེས26ཉིན་ཚོགས་པའི་རྒྱལ་སྲུང་པུའུ་ཡི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་ཐོག་ཏུ་རྒྱལ་སྲུང་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཀིན་ཡན་ཧྲིན་གྱིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཕེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་འཇལ་བ་དེས་ཀྲུང་གོ་དང་འཐབ་འཁྲུག་གི་གནོད་པ་ཐེབས་པའི་ཨེ་ཤ་ཡཱའི་རྒྱལ་ཁབ་གཞན་པའི་མི་དམངས་ཀྱི་བརྩེ་སེམས་ལ་རྡོག་བརྫིས་གཏོང་བ་དང་། ལོ་རྒྱུས་ཀྱི་དྲང་བདེན་དང་མིའི་རིགས་ཀྱི་བཟོད་བསྲན་ལ་མངོན་སུམ་དུ་འགྲན་སློང་བའི་བྱ་སྤྱོད་ལ་ཁོང་ཁྲོ་ཆེན་པོ་ལངས་ཡོད་ཅིང་། འཇར་པན་ཕྱོགས་ལ་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་པར་མ་ཟད། འཇར་པན་ཕྱོགས་ཀྱིས་ངེས་པར་དུ་དེ་ལས་བྱུང་བའི་མཇུག་འབྲས་ཡོད་ཚད་ཀྱི་འགན་འཁུར་དགོས་ཞེས་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག