མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དམངས་སྲིད་པུའུ་དང་བཅིངས་འགྲོལ་དམག་སྤྱིའི་ཆབ་སྲིད་པུའུ་གཉིས་ཀྱིས་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་དམག་དཔུང་སོ་སོས་ཉིས་སྟོང་བཅུ་བཞི་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་གཉིས་ཀྱི་སྐབས་སུ་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-26 11:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དམངས་སྲིད་པུའུ་དང་བཅིངས་འགྲོལ་དམག་སྤྱིའི་ཆབ་སྲིད་པུའུ་གཉིས་ཀྱིས་ཉེ་ལམ་བརྡ་ཐོ་བཏང་སྟེ། ས་གནས་སོ་སོ་དང་དམག་དཔུང་སོ་སོས་ཉིས་སྟོང་བཅུ་བཞི་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་གཉིས་ཀྱི་སྐབས་སུ་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་བསྟན་དོན། ས་གནས་སོ་སོ་དང་དམག་དཔུང་སོ་སོས་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་ཀྱི་སྐབས་སུ་བཅའ་སྡོད་དམག་དཔུང་ལ་འཚམས་འདྲི་བྱེད་པ་དང་ཧུར་ཐག་སྒོས་བཅའ་སྡོད་དམག་དཔུང་ལ་དོན་དངོས་སྒྲུབ་པ་དང་དཀའ་ཁག་སེལ་རོགས་བྱེད་དགོས། དམག་དཔུང་སོ་སོས་དཔོན་དམག་རྩ་འཛུགས་བྱས་ནས་དམངས་གཅེས་དམངས་ཕན་གྱི་བྱ་འགུལ་རྒྱ་ཆེར་སྤེལ་དགོས་པ་དང་། དམག་དཔུང་སྡོད་སའི་ལྔ་སྐྱོང་ཁྱིམ་ཚང་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱེད་པའི་ཁྱིམ་ཚང་། དབང་བོ་སྐྱོན་ཅན། བདག་མེད་ལོ་ལོན། གནོད་འཚེ་ཐེབས་པའི་མང་ཚོགས་བཅས་ལ་འཚམས་འདྲི་བྱས་ནས། མང་ཚོགས་རྣམས་ཀྱིས་ལོ་སྐྱིད་པོ་ཞིག་རོལ་བར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག