མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་བཅོ་ལྔ་བ་པེ་ཅིན་ནས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-26 11:25


ཟླ12པའི་ཚེས25ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་བཅོ་ལྔ་བ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་བཅོ་ལྔ་བ་ཚེས25ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཆའོ་ཞའོ་དབྱང་གིས་ཕུལ་བའི་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་སོགས་ཁྲིམས་ལུགས་བདུན་སྐོར་གྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྙན་ཞུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ངལ་རྩོལ་སློབ་གསོའི་གནད་དོན་སྐོར་གྱི་ཆོད་དོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ངལ་རྩོལ་སློབ་གསོའི་སྐོར་གྱི་ཁ་གསབ་ཆོད་དོན་མེད་པར་གཏོང་བའི་གྲོས་གཞིར་གྲོས་ཞིབ་བྱས་པའི་མཇུག་འབྲས་སྙན་ཞུར་ཉན།

གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིག་པེན་ཅེ་ཡིས་ཕུལ་བའི་བུ་སྐྱེ་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་དང་བཟོ་བཅོས་བྱས་པའི་གནས་ཚུལ་ཡར་ཞུར་ཉན།

གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཞོར་དུ་དྲུང་ཡིག་ཆེན་མོའི་འགན་ཁུར་མཁན་ཝང་ཁྲིན་གྱིས་ཕུལ་བའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་བསྡུ་བའི་སྐོར་གྱི་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་ཡར་ཞུ་དང་། འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་བསྐོ་འཐེན་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་ཡར་ཞུར་ཉན།

ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་གོང་གི་གྲོས་གཞི་དང་འཆར་ཟིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་སྤྲད་དེ་སྔར་ལས་གྲོས་ཞིབ་དང་བཟོ་བཅོས་བྱས་རྗེས། ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་བཅུ་དྲུག་པར་སྤྲད་དེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་མཇུག་བསྡུའི་གྲོས་ཚོགས་ལ་བརྡས་ཐག་གཅོད་པར་སྤྲོད་མིན་ཐག་བཅད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག