མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པས་ཚན་ཆུང་གི་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-25 11:38


རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པས་ཚེས24ཉིན་གྱི་སྔ་དྲོར་ཚན་ཆུང་གི་གྲོས་ཚོགས་བསྡུས་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་ཚན་ཆུང་བགར་ནས་གྲོས་ཞིབ་བྱེད་པར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པས་ཚེས24ཉིན་གྱི་སྔ་དྲོར་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ངལ་རྩོལ་སློབ་གསོའི་གནད་དོན་སྐོར་གྱི་ཆོད་དོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ངལ་རྩོལ་སློབ་གསོའི་ཁ་གསབ་གཏན་འཁེལ་མེད་པར་གཏོང་བའི་སྐོར་གྱི་གྲོས་གཞི་ལ་གྲོས་ཞིབ་བྱས་པ་དང་། བུ་སྐྱེ་སྲིད་ཇུས་སྙོམས་སྒྲིག་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་གྲོས་ཆོད་འཆར་ཟིན་སོགས་ལ་གྲོས་ཞིབ་བྱས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་ཚན་ཆུང་བགར་ནས་གྲོས་ཞིབ་བྱེད་པར་ཞུགས། ཚན་ཆུང་གྲོས་ཚོགས་ནས་ངལ་རྩོལ་སློབ་གསོའི་ལམ་ལུགས་མེད་པར་གཏོང་བའི་གྲོས་གཞི་ལ་གྲོས་ཞིབ་བྱེད་སྐབས། ཚོགས་ཞུགས་མི་སྣས་བལྟས་ན། ཁྲིམས་ལྟར་ངལ་རྩོལ་སློབ་གསོ་ལག་བསྟར་བྱས་ནས་ལོ་ལྔ་བཅུ་ལྷག་གི་རིང་ལ། སྤྱི་ཚོགས་བདེ་འཇགས་སྒྲིག་ལམ་ལ་གནོད་འཚེ་ཐེབས་པའི་ཁྲིམས་འགལ་མི་སྣ་སྐོར་ཞིག་ལ་སློབ་གསོ་བཏང་ནས་གྲུབ་འབྲས་བཟང་བོ་ཐོབ་པ་དང་། སྤྱི་ཚོགས་བདེ་འཇགས་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ་དང་སྤྱི་ཚོགས་བརྟན་འཇགས་ལ་འགན་སྲུང་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན། ཉེ་བའི་ལོ་འགའི་རིང་ལ་རང་རྒྱལ་གྱིས་དུག་འགོག་བཅའ་ཁྲིམས་དང་བདེ་འཇགས་དོ་དམ་ཐག་གཅོད་བཅའ་ཁྲིམས་སོགས་གཏན་འཁེལ་འཐུས་ཚང་དུ་བཏང་བ་དང་བསྟུན་ནས་ངལ་རྩོལ་སློས་གསོའི་ལམ་ལུགས་བཀོལ་སྤྱོད་བྱེད་ཚད་རིམ་བཞིན་ཇེ་ཉུང་དུ་འགྲོ་བ་དང་ཐ་ན་གཏན་ནས་བཀོལ་སྤྱོད་བྱེད་ཀྱིན་མེད་པའི་གནས་ཚུལ་བྱུང་བར་འདོད།

ཚན་ཆུང་གྲོས་ཚོགས་ནས་བུ་སྐྱེ་སྲིད་ཇུས་སྙོམས་སྒྲིག་དང་འཐུས་ཚང་དུ་གཏོང་བའི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་བྱེད་སྐབས། ཚོགས་ཞུགས་མི་སྣས་བལྟས་ན། བུ་སྐྱེ་སྲིད་ཇུས་སྙོམས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དེ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་པས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་གྲོས་ཆོད་གཏན་འཁེལ་བྱས་པ་དགོས་གལ་ཧ་ཅང་ཆེ་བར་འདོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག