མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-25 11:38


རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས24ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། རླངས་འཁོར་གྱི་དུད་རླངས་བཅོས་སྐྱོང་ལ་ཤུགས་བསྣན་ནས་གྲོང་ཁྱེར་གྱི་མཁའ་དབུགས་བཙོག་བཟོ་ཇེ་ཉུང་དུ་གཏོང་བར་དམིགས་ནས་གྲོས་གཞི་བཏོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས24ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། རླངས་འཁོར་གྱི་དུད་རླངས་བཅོས་སྐྱོང་ལ་ཤུགས་བསྣན་ནས་གྲོང་ཁྱེར་གྱི་མཁའ་དབུགས་བཙོག་བཟོ་ཇེ་ཉུང་དུ་གཏོང་བར་དམིགས་ནས་གྲོས་གཞི་བཏོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

བཞུགས་མོལ་ཚོགས་འདུའི་སྟེང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཆིན་ཏ་ཧི་དང་ཚེ་ཧྥ་ཧི་སོགས་ཆེད་མཁས་པ་དང་པེ་ཅིན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཀྲང་ཀུང་བཅས་ཀྱིས་བཅའ་ཁྲིམས་ཁྲིམས་སྲོལ་དང་ཚན་རྩལ་གསར་སྐྲུན། ནུས་ཁོངས་གསར་བ་ཁྱབ་གདལ་དུ་གཏོང་བ་དང་ཁོར་ཡུག་ལྟ་རྟོག་ཚད་ལེན་ལ་ཤུགས་སྣོན་པ། རླངས་འཁོར་ཇུས་འགོད་གསར་བཟོའི་རིམ་པ་འཕར་བ། རླངས་སྣུམ་སྤུས་ཚད་ཚད་གཞི་ཇེ་མཐོར་གཏོང་བ་སོགས་ཕྱོགས་སུ་གནས་པའི་གནད་དོན་ཁ་ཤས་ལ་དམིགས་ནས་བསམ་འཆར་བཏོན་པར་མ་ཟད་འཛུགས་སྐྲུན་རང་བཞིན་གྱི་གྲོས་གཞི་བཏོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝན་ཀང་གིས་ཀྱང་གཏམ་བཤད་པ་དང་། བཟོ་ལས་དང་ཆ་འཕྲིན་པུའུ་ཡི་པུའུ་ཀྲང་མེའོ་ཝེ་དང་རྒྱལ་ཁབ་སྤུས་ཚད་ལྟ་རྟོག་ཞིབ་བཤེར་རིམས་འགོག་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཝུའུ་ཆིན་ཧེ་གཉིས་ཀྱིས་ཨུ་ཡོན་རྣམས་དང་མཉམ་དུ་གྲོས་མོལ་བྱས་པ་དང་བསམ་འཆར་དང་ཉམས་མྱོང་བརྗེ་རེས་བྱས། ཁོར་ཡུག་སྲུང་སྐྱོབ་པུའུ་ཡི་པུའུ་ཀྲང་གཞོན་པ་ཝུའུ་ཞོ་ཆིན་གྱིས་རླངས་འཁོར་གྱི་དུད་རླངས་བཅོས་སྐྱོང་ལ་ཤུགས་བསྣན་ནས་གྲོང་ཁྱེར་གྱི་མཁའ་དབུགས་བཙོག་བཟོ་ཇེ་ཉུང་དུ་གཏོང་བའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག