མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་འཇར་པན་གྱི་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་ཅིག་ཧྲན་ཡུག་ཅི་ཧྥུའུ་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-25 11:37


རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས24ཉིན་པེ་ཅིན་ནས་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་ཀྱིས་གདན་དྲངས་ནས་རང་རྒྱལ་ལ་འཚམས་འདྲིར་ཡོང་བའི་འཇར་པན་གྱི་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་ཅིག་ཧྲན་ཡུག་ཅི་ཧྥུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས24ཉིན་པེ་ཅིན་ནས་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་ཀྱིས་གདན་དྲངས་ནས་རང་རྒྱལ་ལ་འཚམས་འདྲིར་ཡོང་བའི་འཇར་པན་གྱི་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་ཅིག་ཧྲན་ཡུག་ཅི་ཧྥུའུ་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་འཇར་པན་བར་གྱི་ཆབ་སྲིད་ཡིག་ཆ་བཞི་ཡི་རྨང་གཞིའི་སྟེང་ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་མ་འོངས་བར་ཁ་ཕྱོགས་པའི་སྙིང་སྟོབས་གཞིར་བཟུང་ནས་མུ་མཐུད་དུ་ཀྲུང་གོ་དང་འཇར་པན་བར་གྱི་འཐབ་ཇུས་གཉིས་ཕན་འབྲེལ་བར་སྐུལ་འདེད་གཏོང་འདོད་ཡོད། འཇར་པན་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་ལྟ་ཚུལ་ཡང་དག་འཛིན་དགོས་པ་དང་། ཧུར་བརྩོན་མཛའ་མཐུན་གྱི་ཀྲུང་གོའི་སྲིད་ཇུས་ལག་བསྟར་བྱེད་དགོས་ལ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་ཡོད་གནད་དོན་འོས་འཚམ་སྒོས་ཐག་གཅོད་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པའི་ཐད་ལ་འབད་བརྩོན་བྱེད་དགོས་ཟེར།

ཅིག་ཧྲན་གྱིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་ས་གནས་མཉམ་ལས་ཀྱི་ཁྱོན་ཡོངས་ལ་རྐང་བཙུགས་ཏེ། དཔལ་འབྱོར་ཉོ་ཚོང་དང་དངུལ་ལོར། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་ཇེ་མང་དུ་གཏོང་བ་དང་། གཉིས་ཕན་མཉམ་རྒྱལ་བརྩོན་ལེན་བྱས་ནས་མཉམ་དུ་ཨེ་ཤ་ཡ་ཤར་ལྷོའི་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག