མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས་རོལ་རྩེད་ཁང་གི་སྤྱོད་ངན་དག་ཐེར་བཅོས་སྐྱོང་ནན་མོ་བྱེད་དགོས་པའི་བརྡ་ཐོ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-24 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་ཁྲོད་རོལ་རྩེད་ཁང་གི་སྤྱོད་ངན་དག་ཐེར་བཅོས་སྐྱོང་ནན་མོ་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ་བཏང་།

བརྡ་ཐོའི་ནང་བཀོད་དོན། ཉེ་བའི་ལོ་འགའི་རིང་ལ། ས་ཁུལ་ཁ་ཤས་ཀྱིས་ལོ་རྒྱུས་བཟོ་སྐྲུན་དང་སྤྱི་གླིང་སོགས་སྤྱི་པའི་ཐོན་ཁུངས་སྒེར་གྱིས་བཟུང་བའི་གནས་ཚུལ་ཧ་ཅང་མང་བ་དང་། དེའི་ནང་ཁྲིམས་དང་འགལ་ནས་བདག་གཉེར་བྱེད་པ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱེལ་བ། རྒྱས་སྤྲོས་ཀྱི་སྤྱོད་ངན་དང་རུལ་སུངས་ཀྱི་སྤྱོད་སྟངས་སོགས་ཐད་ཀྱི་གནད་དོན་གནས་ཡོད་པས། མང་ཚོགས་ལ་བསམ་འཆར་མང་པོ་ཡོད། ཁྱད་པར་དུ་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ཁ་ཤས་སྒེར་གྱིས་གཉེར་བའི་རོལ་རྩེད་ཁང་དུ་སོང་སྟེ། རྒྱས་བཟའ་རྒྱས་འཐུང་བྱེད་པ་དང་ཐ་ན་དབང་ཆར་བརྟེན་ནས་ལྐོག་རྔན་ལེན་པ་སོགས་སྤྱོད་ངན་གྱིས་ཏང་སྲོལ་སྲིད་སྲོལ་ལ་གནོད་པ་ཚབས་ཆེན་བཟོས་པར་མ་ཟད། སྤྱི་ཚོགས་དར་སྲོལ་ལ་གཏོར་བརླག་བཟོས། ཀྲུང་དབྱང་གི་ཆོད་དོན་བརྒྱད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱོད་ངན་བཞིར་རྦད་ཆོད་སྒོས་ངོ་རྒོལ་བྱེད་ཆེད། ཀྲུང་དབྱང་གི་མཛུབ་སྟོན་ལྟར། རོལ་རྩེད་ཁང་གི་སྤྱོད་ངན་དག་ཐེར་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ལ་རེ་བ་གསལ་བོ་བཏོན།

བརྡ་ཐོའི་ནང་བཀོད་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་སྟོབས་ཤུགས་རྩ་འཛུགས་བྱས་ནས་བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱེད་པ་དང་། ཁྲིམས་ལྟར་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས་པར་མ་ཟད། སྤྱོད་ངན་བཞིར་ངོ་རྒོལ་བྱེད་པའི་བྱ་འགུལ་དང་ཟུང་འབྲེལ་བྱས་ནས་དམིགས་སའི་རང་བཞིན་གྱི་སྒོ་ནས་བྱེད་ཐབས་སྤྱད་དེ་ཐག་གཅོད་བྱེད་དགོས། རོལ་རྩེད་ཁང་གི་སྤྱོད་ངན་དག་ཐེར་བཅོས་སྐྱོང་བྱེད་རྒྱུ་དེ་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྤྱོད་ངན་བཞིར་ངོ་རྒོལ་བྱེད་པའི་ནང་དོན་ཞིག་ཏུ་བརྩིས་ནས། དག་ཐེར་བཅོས་སྐྱོང་ནན་མོ་བྱེད་དགོས་ལ། དག་ཐེར་བཅོས་བསྒྱུར་དང་དངོས་འབེབ། ལམ་ལུགས་འཛུགས་སྐྲུན་བྱེད་པའི་ཁྲོད་རེ་བ་གསལ་བོ་བཏོན་ནས། ཏང་ཡོན་ལས་བྱེད་པར་སློབ་གསོ་དང་དོ་དམ་བྱེད་པར་ཤུགས་བསྣན་ཏེ། གནད་དོན་རྩད་བཅད་མ་ཐག་ཏུ་མྱུར་དུ་ཡོ་བསྲང་བྱེད་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་ཁྲིམས་ལག་བསྟར་བྱེད་པར་ལྟ་སྐུལ་དང་ཤུགས་སྣོན་དགོས་པར་མ་ཟད། ཏང་ཡོན་མགོ་ཁྲིད་ལས་བྱེད་པ་སྒེར་གྱིས་གཉེར་བའི་རོལ་རྩེད་ཁང་དུ་སོང་སྟེ་རྒྱས་བཟའ་རྒྱས་འཐུང་བྱེད་པ་སོགས་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱེད་དགོས་ཟེར།

བརྡ་ཐོའི་ནང་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་སློབ་གསོ་ལག་ལེན་བྱ་འགུལ་གྱི་དག་ཐེར་བཅོས་བསྒྱུར་དང་དངོས་འབེབ། ལམ་ལུགས་འཛུགས་པའི་གོ་རིམ་ཁྲོད་སྒེར་གྱིས་གཉེར་བའི་རོལ་རྩེད་ཁང་དུ་མི་འགྲོ་བ་དང་། སྒེར་གྱིས་གཉེར་བའི་རོལ་རྩེད་ཁང་གི་ཁོངས་མིའི་འཛིན་བྱང་དང་ལེན་མི་བྱེད་པར་རང་རྟོགས་སྒོས་ཏང་རྩ་འཛུགས་དང་མི་དམངས་མང་ཚོགས་ཀྱི་ལྟ་རྟོག་དང་ལེན་བྱེད་པའི་དམ་བཅའ་འཇོག་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག