མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས«སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-24 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས«སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་འབྲེལ་ནས་ལག་བསྟར་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པའི་སྐོར་གྱི་བསམ་འཆར་ལ་ཁག་དྲུག་དང་དོན་ཚན་ཉེར་གསུམ་ཡོད། «བསམ་འཆར»ལས་སྟོབས་ལྡན་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན་བཅས་ནི་རྒྱལ་ཁབ་རིམ་པའི་རིན་ཐང་དམིགས་འབེན་ཡིན་པ་དང་། རང་མོས་དང་འདྲ་མཉམ། དྲང་བདེན། ཁྲིམས་སྐྱོང་བཅས་ནི་སྤྱི་ཚོགས་རིམ་པའི་རིན་ཐང་འཕེལ་ཕྱོགས་ཡིན་ལ། རྒྱལ་གཅེས་དང་ལས་བརྩོན། ཡིད་ཆེས། མཛའ་མཐུན་བཅས་ནི་སྤྱི་དམངས་མི་སྒེར་རིམ་པའི་རིན་ཐང་ཚད་གཞི་ཡིན། ཡིག་འབྲུ་ཉེར་བཞི་བོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་གཞི་རྩའི་ནང་དོན་ཡིན་ཞེས་བསྟན་ཡོད།

«བསམ་འཆར»ལས་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་རྒྱུ་དེ་རྒྱལ་དམངས་སློབ་གསོའི་བརྒྱུད་རིམ་ཁྲོད་དུ་ལག་ལེན་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ལག་ལེན་དང་སྤྱི་ཚོགས་བཅོས་སྐྱོང་ཁྲོད་དུ་དངོས་འབེབས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་སྤྱི་ཚོགས་ཀྱི་བསམ་ཕྱོགས་ལ་སྣེ་ཁྲིད་དང་སྤྱི་ཚོགས་ཀྱི་ཐུན་མོང་ལྟ་ཚུལ་གཅིག་སྡུད་བྱེད་དགོས། གསར་འགྱུར་སྨྱན་བྱད་ཀྱིས་སྤྱི་ཚོགས་ཀྱི་གཙོ་རྒྱུན་རིན་ཐང་བརྒྱུད་སྤྲོད་བྱེད་པའི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དྲ་ངོས་ནས་བརྒྱུད་སྤྲོད་བྱེད་པའི་གཡུལ་ས་འཛུགས་སྐྲུན་བྱེད་དགོས་པར་མ་ཟད། བསམ་པའི་རིག་གནས་བརྩམས་ཆོས་ཀྱིས་མི་གསོ་སྐྱོང་བྱེད་པའི་ནུས་པ་གཙོ་བོ་འདོན་སྤེལ་བྱེད་དགོས་ཟེར།

«བསམ་འཆར»ལས་ད་དུང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་བྱེད་པའི་བྱ་འགུལ་སྤེལ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པའི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་ལ་རེ་བ་བཏོན་ཡོད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག