མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཟླ་བའི་ལྷ་མོ་རྟགས་ཅན་གྱི་འཕུར་གྲུ་གསུམ་པའི་ཚན་རྩལ་འཚོལ་ཞིབ་སྒྲིག་ཆས་བརྒྱད་ཀྱིས་ཚན་རྩལ་འཚོལ་ཞིབ་བྱ་བ་སྒྲུབ་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-24 10:54

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས23ཉིན། ཟླ་བའི་ལྷ་མོ་རྟགས་ཅན་གྱི་འཕུར་གྲུ་གསུམ་པའི་ས་འབབ་འཕྲུལ་ཆས་དང་རི་བོང་རྟགས་ཅན་གྱི་སྐོར་ཞིབ་འཕྲུལ་ཆས་སྟེང་གི་ཚན་རྩལ་འཚོལ་ཞིབ་སྒྲིག་ཆས་བརྒྱད་ཀྱིས་གློག་སྒོ་ཕྱེས་ཏེ་དུས་ཚོད་དམ་འཛིན་བྱས་ནས་ཚན་རྩལ་འཚོལ་ཞིབ་བྱ་བ་ཕྱོགས་ཡོངས་ནས་སྒྲུབ་བཞིན་ཡོད། ཟླ་བའི་ལྷ་མོ་རྟགས་ཅན་གྱི་འཕུར་གྲུ་གསུམ་པས་ཟླ་བར་འཚོལ་ཞིབ་བྱེད་པ་དེ་ལས་ཀྲུང་གོས་ཟླ་བར་འཚོལ་ཞིབ་བྱས་ནས་ལོ་བཅུ་ཙམ་འགོར་བའི་ནང་དུ་ཟླ་བའི་མཐའ་སྐོར་བ་དང་ཟླ་བའི་སྟེང་དུ་འབབ་པ། ཕྱིར་ས་ངོས་སུ་ལོག་པ་བཅས་གོ་རིམ་གསུམ་གྱི་འཆར་འགོད་ཁྲོད་ཀྱི་གོ་རིམ་གཉིས་ཡོངས་འགྲུབ་བྱས་པར་མ་ཟད། ཀྲུང་གོའི་མཁའ་སྐྱོད་དང་ཐ་ན་འཛམ་གླིང་ཡོངས་ཀྱི་ཟླ་བར་འཚོལ་ཞིབ་བྱེད་པའི་གྲུབ་འབྲས་གསར་བ་མང་པོ་བསྐྲུན་པ་མཚོན་ཡོད།

ཟླ་བའི་ལྷ་མོ་རྟགས་ཅན་གྱི་འཕུར་གྲུ་གསུམ་པའི་འཕྲུལ་ཆས་གཉིས་ཀྱིས་ཕན་ཚུན་བར་པར་ལེན་པའི་བརྒྱུད་རིམ་ཁྲོད་དུ་འདྲ་རིས་སྣ་ཚོགས་ཕྱིར་ས་ངོས་སུ་བརྒྱུད་སྤྲོད་བྱས་པ་དང་། འདྲ་རིས་དེ་དག་ལས་སྐར་ལྔའི་དར་དམར་གསལ་བོར་མཐོང་ཐུབ། དོན་དངོས་སུ་འཕྲུལ་ཆས་དེ་གཉིས་ཀྱིས་ཕན་ཚུན་བར་པར་ལེན་པ་ཙམ་མ་ཡིན་པར་འདྲ་རིས་དེ་དག་ལས་ཀྲུང་གོའི་མཁའ་སྐྱོད་ལག་རྩལ་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པ་བདེན་དཔང་བྱས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག