མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཟླ་བའི་ལྷ་མོ་རྟགས་ཅན་གྱི་འཕུར་གྲུ་གསུམ་པའི་ས་འབབ་འཕྲུལ་ཆས་དང་རི་བོང་རྟགས་ཅན་གྱི་སྐོར་ཞིབ་འཕྲུལ་ཆས་ཀྱིས་མཇུག་མཐའི་ཕན་ཚུན་པར་ལེན་པའི་བྱ་བ་ཡོངས་འགྲུབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-23 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་རྒྱལ་སྲུང་ཚན་རིག་བཟོ་སྐྲུན་ཅུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས22ཉིན་གྱི་ཞོགས་པར་ཟླ་བའི་ལྷ་མོ་རྟགས་ཅན་གྱི་འཕུར་གྲུ་གསུམ་པའི་ས་འབབ་འཕྲུལ་ཆས་དང་རི་བོང་རྟགས་ཅན་གྱི་སྐོར་ཞིབ་འཕྲུལ་ཆས་ཀྱིས་མཇུག་མཐའི་ཕན་ཚུན་པར་ལེན་པའི་བྱ་བ་ཡོངས་འགྲུབ་བྱས་པ་དང་། ས་འབབ་འཕྲུལ་ཆས་སྟེང་གི་སྐར་ལྔའི་དར་དམར་གྱི་འདྲ་རིས་གསལ་བོ་ཞིག་ཐོག་དང་པོར་ས་ངོས་སུ་བརྒྱུད་སྤྲོད་བྱས། དེ་ལས་འཕྲུལ་ཆས་དེ་གཉིས་ཀྱིས་ཕན་ཚུན་པར་ལེན་པའི་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་ཟླ་བའི་ལྷ་མོ་རྟགས་ཅན་གྱི་འཕུར་གྲུ་གསུམ་པས་ཚན་རིག་འཚོལ་ཞིབ་བྱེད་མགོ་བརྩམས་པ་མཚོན་ཡོད།

འཕྲུལ་ཆས་དེ་གཉིས་ཀྱིས་ཕན་ཚུན་པར་ལེན་པའི་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས་རྗེས། རི་བོང་རྟགས་ཅན་གྱི་སྐོར་ཞིབ་འཕྲུལ་ཆས་ཀྱིས་ཟླ་བའི་ངོས་འཚོལ་ཞིབ་བྱེད་པའི་བྱ་བ་དངོས་སུ་མགོ་བརྩམས་པར་མ་ཟད་སྔར་ལས་རྒྱང་ཐག་རིང་བའི་མངའ་ཁོངས་སུ་སོང་ནས་མུ་མཐུད་དུ་སྐོར་ཞིབ་བྱེད་རྒྱུ་ཡིན་པ་དང་། ཟླ་བའི་ལྷ་མོ་རྟགས་ཅན་གྱི་འཕུར་གྲུ་གསུམ་པའི་འཚོལ་ཞིབ་འཕྲུལ་ཆས་ཟླ་བའི་ངོས་སུ་བབས་པའི་ཉིན་དེ་ནས་བཟུང་ཚན་རྩལ་འཚོལ་ཞིབ་སྒྲིག་ཆས་ཚང་མའི་གློག་སྒོ་ཕྱེས་ཏེ་བྱ་བ་སྒྲུབ་མགོ་བརྩམས།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག