མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས2013ལོའི་མཚོ་འགག་འགྲམ་གཉིས་ཀྱི་སྨྱན་བྱད་རྒྱང་ལྟ་གླེང་སྟེགས་ལ་ཞུགས་པའི་འཐུས་མིར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-23 11:00


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས22ཉིན་པེ་ཅིན་ནས2013ལོའི་མཚོ་འགག་འགྲམ་གཉིས་ཀྱི་སྨྱན་བྱད་རྒྱང་ལྟ་གླེང་སྟེགས་ལ་ཞུགས་པའི་འཐུས་མིར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས22ཉིན་པེ་ཅིན་ནས2013ལོའི་མཚོ་འགག་འགྲམ་གཉིས་ཀྱི་སྨྱན་བྱད་རྒྱང་ལྟ་གླེང་སྟེགས་ལ་ཞུགས་པའི་འཐུས་མིར་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཡུས་ཀྲིན་ཧྲིན་གྱིས་མཚོ་འགག་འགྲམ་གཉིས་ཀྱི་གསར་འགྱུར་བརྗེ་རེས་ཐད་ནས་ཐོབ་པའི་གྲུབ་འབྲས་དང་མཚོ་འགག་འགྲམ་གཉིས་ཀྱི་སྨྱན་བྱད་ཀྱིས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་མཚོ་འགག་འགྲམ་གཉིས་ཀྱི་མང་ཚོགས་ཀྱིས་ཕན་ཚུན་རྒྱུས་ལོན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ལ་ནུས་པ་གལ་ཆེན་བཏོན་པར་ཁས་ལེན་གང་ལེགས་མཛད། ཁོང་གིས་གསུངས་རྒྱུར། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་སུ་འགྲོ་བ་ནི་མཚོ་འགག་འགྲམ་གཉིས་ཀྱི་མང་ཚོགས་ཀྱི་ཐུན་མོང་གི་རེ་འདུན་ཡིན་པ་དང་མཚོ་འགག་འགྲམ་གཉིས་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་པ་ནི་མཚོ་འགག་འགྲམ་གཉིས་ཀྱི་མང་ཚོགས་ཀྱིས་གཅིག་སྒྱུར་སྒོས་ཁས་ལེན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ནི་མཚོ་འགག་འགྲམ་གཉིས་ཀྱི་མང་ཚོགས་ཀྱི་ཐུན་མོང་གི་རེ་འདུན་ཡིན་ལ། དེ་ནི་མཚོ་འགག་འགྲམ་གཉིས་ཀྱི་སྨྱན་བྱད་ཀྱིས་འབྲེལ་འདྲིས་བྱེད་པའི་རྨང་གཞི་ཡིན་ཟེར།

ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། མཚོ་འགག་འགྲམ་གཉིས་ཀྱི་སྨྱན་བྱད་ཀྱིས་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་སྤྱི་ཚོགས་ཀྱི་འགན་འཁྲི་དང་ལེན་བཟང་བོ་བྱེད་དགོས། ཞི་བའི་འཕེལ་རྒྱས་བརྗོད་བྱ་གཙོ་བོ་བྱས་ཏེ་མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་གནས་ཚུལ་ཁྱབ་སྒྲོག་མང་པོ་བྱེད་པ་དང་། མི་རིགས་ཀྱི་བརྩེ་དུངས་རྨང་གཞི་བྱས་ཏེ་མཚོ་འགག་འགྲམ་གཉིས་ཀྱི་བར་དུ་ཁྱིམ་ཚང་གཅིག་ལྟ་བུའི་བརྩེ་མདང་ཡོད་པའི་འདུ་ཤེས་ཆགས་པར་བྱེད་དགོས་ལ། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་མཐུན་སྒྲིལ་བྱས་ནས་མི་རིགས་ཀྱི་བསྐྱར་དར་མངོན་འགྱུར་བྱེད་པར་ནུས་པ་ཆེན་པོ་འདོན་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག