མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་དང་པོ་ལི་ཝེ་ཡའི་ཙུང་ཐུང་མོ་ལ་ལེ་སི་རྣམ་གཉིས་ཀྱིས་པོ་ལི་ཝེ་ཡའི་འཕྲིན་གཏོང་འཁོར་སྐར་བདེ་བླག་ངང་འཕངས་བའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན།  2013-12-22 10:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཟླ12པའི་ཚེས21ཉིན། རང་རྒྱལ་གྱིས་ཞིབ་འཇུག་གསར་བཟོ་བྱས་པའི་པོ་ལི་ཝེ་ཡའི་ཐུའུ་ཕ་ཁི་ཁ་ཐ་ལི་རྟགས་ཅན་གྱི་འཕྲིན་གཏོང་འཁོར་སྐར་ཐོག་མ་དེ་ཞི་ཁྲང་ནས་བདེ་བླག་ངང་བར་སྣང་དུ་འཕངས། ཉིན་དེར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཀྲུང་གོར་འཚམས་འདྲི་བྱེད་པར་མ་ཟད་འཁོར་སྐར་འཕེན་པར་ལྟ་སྦྱོང་བྱེད་པའི་པོ་ལི་ཝེ་ཡའི་ཙུང་ཐུང་མོ་ལ་ལེ་སི་རྣམ་གཉིས་ཀྱིས་འཁོར་སྐར་བདེ་བླག་ངང་འཕངས་བའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུས།

ཞི་ཅིན་ཕེན་གྱིས་རྟེན་འབྲེལ་གློག་འཕྲིན་ནང་གསུངས་རྒྱུར། ཀྲུང་གོ་དང་པོ་ལི་ཝེ་ཡ་བར་འབྲེལ་བ་བཙུགས་ནས་ལོ་ཉེར་བརྒྱད་ཀྱི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་སོང་བ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་སྔར་ལས་ཇེ་མང་དུ་སོང་། པོ་ལི་ཝེ་ཡའི་འཕྲིན་གཏོང་འཁོར་སྐར་བདེ་བླག་ངང་འཕངས་བ་དེ་ལས་རྒྱལ་ཁབ་གཉིས་ཀྱི་ཚན་རྩལ་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་ཐོབ་པ་མཚོན་ཞིང་པོ་ལི་ཝེ་ཡའི་རྒྱང་སྒྲོག་འཕྲིན་གཏོང་དང་རྒྱང་བསྟེན་སློབ་གསོ་སོགས་ཞབས་ཕྱིའི་ཆུ་ཚད་ཐད་ལ་ནུས་པ་གལ་ཆེན་འདོན་ངེས་ཡིན་པར་མ་ཟད། ཀྲུང་གོ་དང་ལ་ཏེན་མེ་གླིང་བར་གྱི་མཉམ་ལས་ཐད་བྱས་རྗེས་ཆེན་པོ་འཇོག་ངེས་རེད། ཀྲུང་གོ་ཕྱོགས་ཀྱིས་པོ་ལི་ཝེ་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། མཁའ་སྐྱོད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཀྲུང་གོ་དང་པོ་ལི་ཝེ་ཡ་བར་གྱི་མཉམ་ལས་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་མ་ཟད་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

མོ་ལ་ལེ་སི་ཡིས་རྟེན་འབྲེལ་གློག་འཕྲིན་ནང་བཤད་རྒྱུར། ཐེངས་འདིའི་འཕྲིན་གཏོང་འཁོར་སྐར་བདེ་བླག་ངང་འཕངས་བར་དེར་དོན་སྙིང་གལ་ཆེན་ཡོད་པ་དང་། པོ་ལི་ཝེ་ཡའི་རྒྱང་སྒྲོག་འཕྲིན་གཏོང་དང་རྒྱང་བསྟེན་སློབ་གསོ་སོགས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་པར་མ་ཟད་རྒྱ་ཆེའི་པོ་ལི་ཝེ་ཡའི་མི་དམངས་ལ་ཕན་པ་ཆེན་པོ་ཡོད། པོ་ལི་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོས་གྲུབ་འབྲས་ཆེན་པོ་བླངས་བར་ཡིད་སྨོན་བྱེད་ཀྱིན་ཡོད་པ་དང་། བདག་གིས་ཐེངས་འདིའི་འཚམས་འདྲི་གོ་སྐབས་སུ་བཟུང་སྟེ་མུ་མཐུད་ནས་རྒྱལ་ཁབ་གཉིས་ཀྱི་མཁའ་སྐྱོད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག