མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཆི་པའོ་ཡིས་དང་བླངས་པའི་ཞབས་ཞུ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་དང་བླངས་པའི་ཞབས་ཞུའི་བྱ་བ་ལམ་ལུགས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-21 12:06


ཟླ12པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པའོ་པེ་ཅིན་ནས་དང་བླངས་པའི་ཞབས་ཞུ་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པའོ་ཚེས19ཉིན་དང་བླངས་པའི་ཞབས་ཞུ་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས་སྐབས། དང་བླངས་པའི་ཞབས་ཞུ་དེ་སྤྱི་ཚོགས་བདེ་འཇགས་གསར་སྐྲུན་བྱ་བ་དང་ཟུང་འབྲེལ་བྱེད་པ་དང་། ལོས་ཧྥུན་ལ་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱས་ནས། སྟོབས་ཤུགས་ཡོད་དགུ་བཏོན་ནས་བྱས་རྗེས་འཇོག་པ་དང་མཛའ་མཐུན་ཡོང་བ། ཕན་ཚུན་ལ་རོགས་རམ་བྱེད་པ། ཡར་ཐོན་ཡོང་བར་བརྩོན་པ་བཅས་ཀྱི་དང་བླངས་པའི་སྙིང་སྟོབས་འདོན་སྤེལ་བྱས་ནས། དང་བླངས་པའི་ཞབས་ཞུའི་བྱ་བ་ལམ་ལུགས་ཅན་དུ་བསྒྱུར་བར་ནུས་ཡོད་སྒོས་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དང་བླངས་པའི་ཞབས་ཞུའི་ལམ་ལུགས་འཛུགས་པར་ཧུར་ཐག་སྒོས་འཚོལ་ཞིབ་བྱས་ནས། ཀུན་གྱིས་ཕན་ཚུན་ལ་རོགས་རམ་བྱེད་པའི་དར་སྲོལ་བཟང་བོ་ཆགས་པར་བྱེད་དགོས་ཞེས་ནན་གྱིས་བཤད།

ལིག་ཆི་པའོ་ཡིས་བཤད་རྒྱུར། རང་རྒྱལ་གྱི་དང་བླངས་པའི་ཞབས་ཞུའི་བྱ་འགུལ་དེ་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཞིག་ཏུ་བསླེབས་ཡོད་ལ། འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་སྲིད། སྟོབས་ཤུགས་ཡོད་རྒུས་ཀྲུང་ཧྭའི་སྲོལ་རྒྱུན་གྱི་སྤྱོད་ཚུལ་བཟང་བོ་དར་སྤེལ་བྱས་ནས། དང་བླངས་པའི་ཞབས་ཞུའི་བྱ་འགུལ་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་བསྲིང་དང་ལག་བསྟར་བྱེད་པའི་ཕན་ཡོད་ཐབས་ལམ་ཞིག་ཏུ་བརྩིས་ནས། སྤྱི་ཚོགས་ཡོངས་ཀྱི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། དང་བླངས་པའི་ཞབས་ཞུའི་རིག་གནས་རང་རྟོགས་ཅན་དུ་བསྒྱུར་བར་སྐྱེད་བསྲིང་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་། ཀྲུང་གོའི་དང་བླངས་པའི་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་བཙུགས་པ་ཁྱབ་བསྒྲགས་བྱས་པ་དང་། མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ལིག་ཆི་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག