མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་པོ་ལི་ཝེ་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་མོ་ལ་ལེ་སི་དང་གྲོས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-20 11:05


རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས19ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་པོ་ལི་ཝེ་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་མོ་ལ་ལེ་སི་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས19ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་པོ་ལི་ཝེ་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་མོ་ལ་ལེ་སི་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཕྱོགས་གཉིས་བར་གྱི་སྲོལ་རྒྱུན་མཛའ་བཤེས་དང་དངོས་གཉེར་མཉམ་ལས་སྐོར་ནས་གླེང་མོལ་མཛད་པ་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་པོ་ལི་ཝེ་ཡ་བར་གྱི་མཛའ་མཐུན་གཉིས་ཕན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་གཅིག་གྱུར་སྒོས་འཐད་པ་བྱུང་།

གྲོས་མོལ་མཛད་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་པོ་ལི་ཝེ་ཡའི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། རིམ་པ་སོ་སོའི་འགྲོ་འོང་དང་འབྲེལ་འདྲིས་བཟང་ཞིང་དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ཕྱོགས་གཉིས་བར་གྱི་སྲོལ་རྒྱུན་མཛའ་བཤེས་ཉིན་རེར་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་པོ་ལི་ཝེ་ཡའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་པར་མ་ཟད་ཙུང་ཐུང་མོ་ལ་ལེ་སི་ཐེངས་འདིར་ཀྲུང་གོར་འཚམས་འདྲིར་ཡོང་བ་གོ་སྐབས་སུ་བཟུང་སྟེ་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་པ་དང་མུ་མཐུད་དུ་པོ་ལི་ཝེ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

མོ་ལ་ལེ་སི་ཡིས་བཤད་རྒྱུར། པོ་ལི་ཝེ་ཡའི་མི་དམངས་ཀྱིས་ཀྲུང་གོ་མི་དམངས་ལ་བརྩེ་སེམས་དང་ཡིད་ཆེས་ཆེན་པོ་བཅངས་ཡོད་པ་དང་ཀྲུང་གོས་བླངས་པའི་འཕེལ་རྒྱས་གྲུབ་འབྲས་ལ་ཡིད་སྨོན་བྱེད་བཞིན་ཡོད། པོ་ལི་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དེས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་གོ་སྐབས་སྔར་ལས་ཆེན་པོ་བསྐྲུན་པར་ཡིད་ཆེས་ཡོད་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག