མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་བཅོས་བསྒྱུར་གསར་སྐྲུན་གྱི་སྙིང་སྟོབས་ལ་བརྟེན་ནས་དམངས་འཐུས་ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱ་བའི་རྣམ་པ་གསར་བ་གསར་གཏོད་བྱེད་དགོས་ཞེས་ནན་གྱིས་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-20 11:04


ཟླ12པའི་ཚེས19ཉིན་ཏེ་ཀྲུང་གོ་དམངས་ཆེན་ཞེས་པའི་དུས་དེབ་སྤེལ་ནས་ལོ་འཁོར་ཉི་ཤུ་ལོན་པའི་སྔོན་ཏག་ཏག་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་ཚེས་བཅུ་དགུ་ཉིན་དུས་དེབ་ཁང་དུ་ཕེབས་ཏེ་གཟིགས་ཞིབ་མཛད་པ་དང་། ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་མཛད་པར་མ་ཟད། དམངས་འཐུས་ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། པར་འདི་ནི་དུས་དེབ་ཁང་གི་རྩོམ་སྒྲིག་པུའུ་ནས་ཀྲང་ཏི་ཅང་གིས་སྔོན་ཐོན་གྱི་པར་སྒྲིག་མ་ལག་ལ་ཞིབ་ཏུ་གཟིགས་བཞིན་པའི་ཚུལ་རེད།

ཟླ12པའི་ཚེས19ཉིན་ཏེ་ཀྲུང་གོ་དམངས་ཆེན་ཞེས་པའི་དུས་དེབ་སྤེལ་ནས་ལོ་འཁོར་ཉི་ཤུ་ལོན་པའི་སྔོན་ཏག་ཏག་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་ཚེས་བཅུ་དགུ་ཉིན་དུས་དེབ་ཁང་དུ་ཕེབས་ཏེ་གཟིགས་ཞིབ་མཛད་པ་དང་། ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་མཛད་པར་མ་ཟད། དམངས་འཐུས་ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་དུས་དེབ་ཀྲུང་གོ་དམངས་ཆེན་ཞེས་པ་སྤེལ་ནས་ལོ་འཁོར20ལོན་པའི་སྔོན་ཏག་ཏག་སྟེ་ཚེས19ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་དུས་དེབ་ཁང་དུ་ཕེབས་ཏེ་གཟིགས་ཞིབ་མཛད་པ་དང་། ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་མཛད་པར་མ་ཟད། དམངས་འཐུས་ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲང་ཏི་ཅང་གིས་ནན་གྱིས་གསུངས་རྒྱུར། དམངས་འཐུས་ཚོགས་ཆེན་བྱ་བའི་མདུན་དུ་གནས་པའི་གནས་བབ་གསར་བ་དང་རེ་བ་གསར་བར་ངོས་འཛིན་ཟབ་མོ་བྱས་ཏེ། དམངས་འཐུས་ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱ་བ་བཟང་བོར་སྒྲུབ་པའི་འགན་འཁྲིའི་རང་བཞིན་ཇེ་ཆེར་བཏང་ནས། དམངས་འཐུས་ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱ་བ་ལེགས་བཅོས་བྱེད་པ་དང་དེར་ཤུགས་སྣོན་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ཀྲང་ཏི་ཅང་གིས་བཞུགས་མོལ་ཚོགས་འདུ་བསྡུས་ནས། དམངས་འཐུས་ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱ་བ་ཇི་ལྟར་ལེགས་བཅོས་དང་གཙིགས་འཛིན་བྱེད་པའི་ཐད་ལ་ཆེད་དོན་ཞིབ་འཇུག་བྱས། འབྲེལ་ཡོད་གཏམ་བཤད་ལ་ཉན་རྗེས་ཀྲང་ཏི་ཅང་གིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པ་བཅས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བ་དང་། དམངས་འཐུས་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་ཐད་ལ་གལ་ཆེ་བའི་བཀོད་སྒྲིག་གསར་བ་བྱས་ཏེ། དམངས་འཐུས་ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱ་བ་ལེགས་བཅོས་དང་གཙིགས་འཛིན་བྱེད་པར་ཁ་ཕྱོགས་གསར་བོ་བསྟན་ཡོད་ཟེར།

ཀྲང་ཏི་ཅང་གིས་ནན་གྱིས་གསུངས་རྒྱུར། དམངས་འཐུས་ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱ་བས་ངེས་པར་དུ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གླེང་ཕྱོགས་དམ་པོར་འཛིན་དགོས་པར་མ་ཟད། རིམ་པ་སོ་སོའི་གསར་འགྱུར་སྨྱན་བྱད་སྣ་ཚོགས་ཀྱི་བརྩོན་སེམས་གང་ལེགས་སྒོས་སྐུལ་སློང་བྱས་ནས། ཁོ་ཚོས་རང་རང་གི་ཁྱད་ཆོས་ལྡན་པའི་གསར་འགྱུར་འབྲི་བར་སྐུལ་མ་དང་ཁྲིད་སྟོན་བྱེད་དགོས་ལ། དྲིལ་སྒྲོག་ཆེན་པོའི་རྣམ་པ་ཧུར་ཐག་སྒོས་གསར་གཏོད་བྱས་ནས། དྲིལ་སྒྲོག་གླེང་ཕྱོགས་བྱ་བ་དང་དམངས་འཐུས་ཚོགས་ཆེན་གྱི་བྱེད་སྒོ་བྱ་བ་དང་མཉམ་དུ་ཞིབ་འཇུག་དང་མཉམ་དུ་བཀོད་སྒྲིག མཉམ་དུ་ལག་བསྟར་བྱེད་དགོས་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག