མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལེང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-19 10:53


ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་པེ་ཅིན་ལ་བྱ་བའི་སྙན་ཞུ་འབུལ་དུ་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལེང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།

ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་པེ་ཅིན་ལ་བྱ་བའི་སྙན་ཞུ་འབུལ་དུ་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལེང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས18ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་པེ་ཅིན་ལ་བྱ་བའི་སྙན་ཞུ་འབུལ་དུ་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལེང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་བར་མ་ཟད། ཞང་ཀང་གི་མིག་སྔའི་གནས་བབ་དང་དམིགས་བསལ་སྲིད་གཞུང་གི་ལོ་ངོ་གཅིག་རིང་གི་བྱ་བའི་གནས་ཚུལ་གྱི་ཡར་ཞུ་ལ་གསན།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཁྱེད་དང་དམིགས་བསལ་སྲིད་གཞུང་གིས་གཏན་འཇགས་ཀྱི་ཁྲོད་དུ་འགྱུར་ལྡོག་བཙལ་བ་དང་དམངས་འཚོ་གཙོ་བོར་འཛིན་པའི་སྲིད་ཇུས་ཀྱི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ལ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་གནས་པའི་འབུར་ཐོན་གནད་དོན་ཐག་གཅོད་ལེགས་པོ་བྱས་ནས་ཐོག་མའི་གྲུབ་འབྲས་བླངས་ཡོད་པས། ཀྲུང་དབྱང་སྲིད་གཞུང་གིས་ཁྱེད་དང་དམིགས་བསལ་སྲིད་གཞུང་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་ཡིན་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་དམིགས་འབེན་བཏོན་ཡོད་ལ། དེ་ནི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དོན་ཆེན་ལ་འབྲེལ་བ་ཡོད་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། དེ་ནི་ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ཀྱི་སྒོ་འབྱེད་མཉམ་ལས་རྒྱ་བསྐྱེད་པར་ཕན་པ་ཡོད་པར་མ་ཟད། ནང་ལོག་དང་ཞང་ཀང་བར་གྱི་བརྗེ་རེས་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་ཞང་ཀང་ལ་སྔར་ལས་མང་བའི་འཕེལ་རྒྱས་ཀྱི་གོ་སྐབས་དང་འཕེལ་རྒྱས་ཀྱི་ཁྱབ་ཁོངས་བསྐྲུན་ཐུབ་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་དབྱང་སྲིད་གཞུང་གི་ཉིས་སྟོང་བཅུ་བདུན་ལོའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོའི་འདེམ་བསྐོ་གནད་དོན་གྱི་ལངས་ཕྱོགས་ནམ་ཡང་གསལ་བོ་ཡིན་ལ། ཞང་ཀང་གི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣས་གཞི་རྩའི་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱས་པའི་གྲོས་བསྡུར་འོས་འགན་དང་གཅིག་མཐུན་གྱི་ལྟ་བ་གཞིར་བཟུང་ནས་སྲིད་འཛིན་དཔོན་པོ་འདེམ་པའི་བྱ་བ་བདེ་བླག་ངང་འགྲུབ་པར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

ཀྲང་ཏི་ཅང་དང་ལིས་ཡོན་ཁྲའོ། ལིས་ཀྲན་ཧྲུའུ། དབྱང་ཅེ་ཁྲི་སོགས་མཇལ་འཕྲད་ལ་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག