མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-19 10:53


རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས18ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ནས་པེ་ཅིན་ལ་བྱ་བའི་སྙན་ཞུ་འབུལ་དུ་ཡོང་བའི་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས18ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ནས་པེ་ཅིན་ལ་བྱ་བའི་སྙན་ཞུ་འབུལ་དུ་ཡོང་བའི་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་ལ་མཇལ་འཕྲད་གནང་བར་མ་ཟད། ཁོས་ཨོ་མིན་གྱི་དེང་སྐབས་གནས་བབ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་ལོ་གཅིག་རིང་གི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན།

མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཨོ་མིན་གྱིས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་པ་དང་དཔལ་འབྱོར་བརྟན་བརླིང་སྒོས་འཕར་ཞིང་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡིན་པ་དང་། གྲོང་ཁྱེར་སྡོད་དམངས་བདེ་བར་གནས་ཤིང་ལས་ལ་འབད་བཞིན་ཡོད། ཀྲུང་དབྱང་སྲིད་གཞུང་གིས་ཁྱེད་དང་དམིགས་བསལ་སྲིད་གཞུང་གི་བྱ་བར་ཁས་ལེན་གང་ལེགས་བྱེད་སྲིད། ལོ་འདི་འགའི་རིང་ལ་ཨོ་མིན་གྱིས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བའི་རྨང་གཞིའི་སྟེང་ཇི་ལྟར་དངོས་གཉེར་གསར་སྐྲུན་བྱེད་པ་དང་། འཕེལ་རྒྱས་བརྒྱུད་རིམ་ཁྲོད་དུ་བྱུང་བའི་འགལ་བ་དང་གནད་དོན་ཐག་གཅོད་བཟང་བོ་བྱེད་པ། ཨོ་མིན་གྱི་དཔལ་འབྱོར་སྣ་མང་ཅན་དུ་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་ལ་འཚོལ་ཞིབ་བྱེད་པ། ཨོ་མིན་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པའི་ཐད་ལ་དམིགས་བསལ་སྲིད་འཛིན་ས་ཁུལ་དང་ཨོ་མིན་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་མུ་མཐུད་འབད་བརྩོན་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་བཀོད་སྒྲིག་ཞིབ་མོ་བྱས་ཡོད་པ་དང་། དེ་ནི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་འབྲེལ་བ་ཡོད་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ཨོ་མིན་གྱི་ལས་དབང་དེ་ནམ་ཡང་མེས་རྒྱལ་གྱི་ནང་ལོག་ས་ཁུལ་དང་འབྲེལ་འདྲིས་དམ་པོ་བྱས་ཡོད་པ་དང་། མེས་རྒྱལ་གྱི་ནང་ལོག་ས་ཁུལ་འཕེལ་རྒྱས་སུ་འགྲོ་བའི་བརྒྱུད་རིམ་ཁྲོད་དུ་ཨོ་མིན་ཡང་མུ་མཐུད་དུ་མེས་རྒྱལ་གྱི་ནང་ལོག་ས་ཁུལ་དང་མཉམ་དུ་ཡར་ཐོན་དང་འཕེལ་རྒྱས་སུ་འགྲོ་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག