མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་ཁམ་ཕུ་ཁྲེ་ཡི་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-19 10:52


ཟླ12པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབུ་བཞུགས་བློན་ཆེན་གཞོན་པ་སོ་ཨན་གྱིས་ཁྲིད་པའི་ཁམ་ཕུ་ཁྲེ་ཡི་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཟླ12པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབུ་བཞུགས་བློན་ཆེན་གཞོན་པ་སོ་ཨན་གྱིས་ཁྲིད་པའི་ཁམ་ཕུ་ཁྲེ་ཡི་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས18ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབུ་བཞུགས་བློན་ཆེན་གཞོན་པ་སོ་ཨན་གྱིས་ཁྲིད་པའི་ཁམ་ཕུ་ཁྲེ་ཡི་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ལིག་ཡུན་ཧྲན་གྱིས་མི་དམངས་ཏང་གིས་ཁམ་ཕུ་ཁྲེ་ཡི་འདེམ་བསྐོ་ཆེན་པོའི་རྗེས་སུ་མཐོ་རིམ་འཐུས་ཚབ་ཚོགས་པ་ཀྲུང་གོར་འཚམས་འདྲིར་མངགས་པར་དགའ་བསུ་ཞུས། ཁོང་གིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེ་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ང་ལྔ་ལོན་པའི་ལོ་དང་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་མཛའ་མཐུན་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་ཕྱི་འབྲེལ་སྲིད་ཇུས་གཞིར་བཟུང་སྟེ། ཁམ་ཕུ་ཁྲེ་བར་གྱི་རྨང་གཞིའི་སྒྲིག་ཆས་དང་ཞིང་ལས། གནས་སྐོར། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ཏེ། ཀྲུང་གོ་དང་ཁམ་ཕུ་ཁྲེ་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཁམ་ཕུ་ཁྲེ་ཡི་མི་དམངས་ཏང་བར་གྱི་རིམ་པ་སོ་སོའི་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། ཏང་སྐྱོང་རྒྱལ་སྐྱོང་གྱི་ཉམས་མྱོང་བརྗེ་རེས་ཟབ་མོ་བྱས་ཏེ། ཏང་འཛུགས་སྐྲུན་གྱིས་རྒྱལ་ནང་གི་ལས་དོན་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བར་མཉམ་དུ་ཤུགས་བསྐྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

སོ་ཨན་གྱིས་ཐོག་མར་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུས་པར་མ་ཟད། ཁམ་ཕུ་ཁྲེ་མི་དམངས་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་བར་གྱི་འབྲེལ་བ་ཇེ་དམ་དུ་གཏོང་བ་དང་། ཁམ་ཕུ་ཁྲེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་པའི་ཚུལ་བསྟན།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག