མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས«སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཧི་པེ་ཞིང་ཆེན་ཏང་ཨུའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྤྱིའི་གནས་ཚུལ་ཡར་ཞུར་ཉན་སྐབས་གནང་བའི་གསུངས་བཤད་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གྱི་བརྡ་ཐོ»དཔར་ནས་བཀྲམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-18 11:11

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས«སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཧི་པེ་ཞིང་ཆེན་ཏང་ཨུའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྤྱིའི་གནས་ཚུལ་ཡར་ཞུར་ཉན་སྐབས་གནང་བའི་གསུངས་བཤད་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གྱི་བརྡ་ཐོ»དཔར་ནས་བཀྲམས་ཏེ། བརྡ་ཐོའི་ནང་རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། གསུངས་བཤད་དགོངས་དོན་གྱིས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱེད་པ་དང་། སློབ་གསོ་ལག་ལེན་བྱ་འགུལ་ལ་མགོ་མཇུག་ཡོད་པར་ཁག་ཐེག་བྱེད་དགོས་ལ། ངར་ཤུགས་གཅིག་སྒྲིམ་སྒོས་སྐོར་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་མཇུག་བསྡུའི་བྱ་བ་བཟང་བོར་སྒྲུབ་དགོས་པར་མ་ཟད། སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་སྟེ། ཁྱད་ཆོས་ཁོང་དུ་ཆུད་པ་དང་། བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱེད་པ། གོ་རིམ་ལྡན་པའི་ངང་ཇུས་གཞི་བཀོད་དེ། སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་ཞུགས་པའི་ལས་ཁུངས་ཀྱིས་སྔ་མོ་ནས་སློབ་སྦྱོང་བྱེད་པ་དང་སྔ་མོ་ནས་དག་ཐེར་བཅོས་བསྒྱུར་བྱས་ཏེ། ཀུན་སྤྱོད་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྟོབས་ཤུགས་ཆེན་པོ་གཅིག་བསྡུ་བྱེད་དགོས་ཞེས་ནན་གྱིས་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག