མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི“མི་དམངས་ཡིད་ཚིམས་པའི་སྤྱི་ཞབས་པ”དང“མི་དམངས་ཡིད་ཚིམས་པའི་སྤྱི་ཞབས་པའི་ཐུན་མོང”ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིན་ནས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-18 11:07


ཟླ12པའི་ཚེས17ཉིན། སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི“མི་དམངས་ཡིད་ཚིམས་པའི་སྤྱི་ཞབས་པ”དང“མི་དམངས་ཡིད་ཚིམས་པའི་སྤྱི་ཞབས་པའི་ཐུན་མོང”ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གཟེངས་བསྟོད་ཐོབ་པའི་མི་སྣ་དང་ཚོགས་ཞུགས་འཐུས་མིར་མཇལ་འཕྲད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་མཇལ་འཕྲད་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི“མི་དམངས་ཡིད་ཚིམས་པའི་སྤྱི་ཞབས་པ”དང“མི་དམངས་ཡིད་ཚིམས་པའི་སྤྱི་ཞབས་པའི་ཐུན་མོང”ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཚེས17ཉིན་གྱི་སྔ་དྲོར་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གཟེངས་བསྟོད་ཐོབ་པའི་མི་སྣ་དང་ཚོགས་ཞུགས་འཐུས་མིར་མཇལ་འཕྲད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་མཇལ་འཕྲད་ལ་ཞུགས།

ལིས་ཁི་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་གཟེངས་བསྟོད་ཐོབ་པའི་མི་སྒེར་དང་ཐུན་མོང་ལ་རྟེན་འབྲེལ་ཞུས། ཁོང་གིས་གསུངས་རྒྱུར། གཟེངས་བསྟོད་ཐོབ་པའི་བློ་མཐུན་མང་ཆེ་བ་གཞི་རིམ་ནས་ཡོང་བ་ཡིན་ལ། བློ་མཐུན་ཁ་ཤས་ཀྱིས་རྒྱང་རིང་དང་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་བྱ་བ་སྒྲུབ་བཞིན་ཡོད་པས། ཚང་མས་ཧུར་ཐག་སྒོས་མང་ཚོགས་ལ་དོན་དག་བསྒྲུབས་ཏེ། སྤྱིར་བཏང་གི་ལས་གནས་སྟེང་སྤྱིར་བཏང་མིན་པའི་བྱས་རྗེས་བཞག་ཡོད་ལ། སྙིང་སྟོབས་དེ་རིགས་ནི་འདོན་སྤེལ་བྱེད་དགོས་པ་ཞིག་ཡིན་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། རང་རྒྱལ་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་གནད་འགག་གི་དུས་སྐབས་ཤིག་ཏུ་གནས་ཡོད་ལ། གོ་སྐབས་དང་འགྲན་རྩོད་གཉིས་མཉམ་དུ་གནས་པས། རྒྱལ་ཁབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རླབས་ཆེན་བརྒྱུད་རིམ་ཁྲོད་དངོས་སུ་ཞུགས་པ་ནི་ཐོབ་དཀའ་བའི་གོ་སྐབས་ཤིག་ཡིན་ལ། ང་ཚོའི་ཕྲག་ཏུ་བབས་པའི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན་ཟེར། ལིས་ཁི་ཆང་གིས་རྒྱ་ཆེའི་སྤྱི་ཞབས་པར་རེ་བ་བཞི་བཏོན་པ་སྟེ། གཅིག་ནས་བཅོས་བསྒྱུར་གསར་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་དང་གཉིས་ནས་དུས་དང་རྣམ་པ་ཀུན་ཏུ་དམངས་ཀྱི་དོན་དུ་སྲིད་སྐྱོང་བར་བརྩོན་པ་རྒྱུན་འཁྱོངས་བྱེད་དགོས། གསུམ་ནས་ཁྲིམས་སྐྱོང་རྩ་དོན་ལག་བསྟར་བྱེད་དགོས། བཞི་ནས་སྤྱོད་གཙང་རང་གཅུན་ནན་མོ་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཞབས་པ་དང་ཁྱད་པར་དུ་གཞི་རིམ་གྱི་སྤྱི་ཞབས་པའི་བྱ་བ་དང་འཚོ་བར་སེམས་ཁུར་བྱས་ནས། རྒྱལ་ཁབ་དང་མི་དམངས་ལ་སྔར་ལས་ཞབས་འདེགས་བཟང་བོ་ཞུ་དགོས་ཞེས་ནན་གྱིས་གསུངས།

མཇལ་འཕྲད་གནང་རྗེས། གཟེངས་བསྟོད་ཚོགས་ཆེན་བསྡུས། མཱ་ཁེ་ཚོགས་ཆེན་ལ་ཞུགས་པར་མ་ཟད་གཏམ་བཤད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག