མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་པུར་ཀ་རི་ཡའི་གྲོས་དཔོན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-18 11:07


ཟླ12པའི་ཚེས17ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་ནས་པུར་ཀ་རི་ཡའི་གྲོས་དཔོན་སྨིས་ཁི་ཧྥུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས17ཉིན་པེ་ཅིན་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་ནས་པུར་ཀ་རི་ཡའི་གྲོས་དཔོན་སྨིས་ཁི་ཧྥུའུ་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་པུར་ཀ་རི་ཡའི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་སོང་བ་དང་། ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་ཟབ་མོ་བྱེད་པ་དང་། མི་གཞུང་བརྗེ་རེས་ཇེ་མང་དུ་གཏོང་བ། གཉིས་ཕན་མཉམ་ལས་བརྟན་འཇགས་སྒོས་འཕེལ་རྒྱས་སུ་བཏང་བར་མ་ཟད། ཕྱོགས་གཉིས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནས་ནམ་ཡང་གཞོགས་འདེགས་དམ་པོ་བྱེད་ཀྱིན་ཡོད། སང་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་ངོ་རེ་ལྔ་ལོན་པའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་པུར་ཀ་རི་ཡ་ཕྱོགས་དང་མཉམ་དུ་གོ་སྐབས་དེ་དང་བསྟུན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པའི་མཉམ་ལས་ལས་གཞི་བསྐྲུན་ཏེ། ཀྲུང་གོ་དང་པུར་ཀ་རི་ཡའི་འབྲེལ་བར་སྟོབས་ཤུགས་གསར་བ་སྣོན་པ་དང་། ཀྲུང་གོ་དང་པུར་ཀ་རི་ཡའི་འབྲེལ་བ་དང་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་གྲུབ་འབྲས་གསར་བ་ལེན་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

སྨིས་ཁི་ཧྥུའུ་ཡིས་བཤད་རྒྱུར། པུར་ཀ་རི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་རྒྱུ་དང་། པུར་ཀ་རི་ཡའི་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ཏེ། པུར་ཀ་རི་ཡ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་མཉམ་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག