མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་མགོ་འཛིན་མཛད་དེ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-17 11:36


ཟླ12པའི་ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་པེ་ཅིན་ནས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དྲུག་པ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་ཚེས15ཉིན་གྱི་སྔ་དྲོར་པེ་ཅིན་ནས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དྲུག་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཧི་པེ་ཞིང་ཆེན་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྤྱིའི་གནས་ཚུལ་ཡར་ཞུར་ཉན་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སྐོར་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་མཇུག་བསྡུའི་བྱ་བ་དང་སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲ་སྒྲིག་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། སྤྱི་སྤྱིབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱིས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་སྲུང་བྱ་གལ་ཆེན་འདོན་སྤྲོད་བྱས། གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་ན་ཕྱོགས་གཉིས་གཙོ་བོར་བཟུང་སྟེ་དམ་འཛིན་བྱེད་དགོས་པ་སྟེ། གཅིག་ནི་རྣམ་འགྱུར་ནན་མོ་བཟུང་སྟེ་ངར་ཤུགས་གཅིག་སྒྲིམ་སྒོས་སློབ་གསོ་ལག་ལེན་བྱ་འགུལ་བཟང་བོར་སྤེལ་དགོས་པ་དང་། གཉིས་ནི་དུས་དང་རྣམ་པ་ཀུན་ཏུ་སློབ་གསོ་དང་ལག་ལེན་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། མང་ཚོགས་ལམ་ཕྱོགས་སློབ་གསོ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་བསྟན་དོན། སྐོར་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་མཇུག་བསྡུའི་བྱ་བ་སྒྲུབ་སྐབས་ཉམས་མྱོང་སྤྱི་སྡོམ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་སྟེ། སྤྱི་བསྡོམས་བྱེད་ཞོར་དུ་མཐོར་འདེགས་གཏོང་བ་དང་། སྟོབས་ཤུགས་ཡོད་དགུས་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་མཐོར་འདེགས་སུ་བཏང་ནས། ཀུན་སྤྱོད་འཛུགས་སྐྲུན་བྱ་བ་རྒྱུན་ལྡན་ཅན་དུ་བསྒྱུར་བར་ཕན་པའི་རིགས་གཞུང་གྲུབ་འབྲས་དང་ལམ་ལུགས་གྲུབ་འབྲས་ཆགས་པར་བྱེད་དགོས། སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲ་སྒྲིག་བྱ་བར་བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱེད་པ་དང་། ཡོངས་ཁྱབ་ཏུ་བསམ་འཆར་དང་གྲོས་གཞིར་ཉན་དགོས་པར་མ་ཟད། སྐོར་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་ཕན་འབྲས་ལྡན་པའི་ཉམས་མྱོང་སྤྱད་དེ། ནང་དོན་མི་བསྒྱུར་བ་དང་གོ་རིམ་སྣ་ཚོགས་ནན་ཏན་སྒོས་ལག་ལེན་དུ་བསྟར་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག