མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཟླ་བའི་ལྷ་མོ་རྟགས་ཅན་གྱི་འཕུར་གྲུ་གསུམ་པའི་འཚོལ་ཞིབ་འཕྲུལ་ཆས་སྔོན་ལ་གཏན་འཁེལ་བྱས་པའི་ཟླ་བའི་ངོས་ཀྱི་འབབ་ཁོངས་སུ་བདེ་བླག་ངང་བབས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-16 11:00


སྤྱི་ཟླ12པའི་ཚེས15ཉིན་གྱི་དགོང་མོར། ཟླ་བའི་ངོས་སུ་འཚོལ་ཞིབ་བྱ་བ་སྒྲུབ་པའི་ཟླ་བའི་ལྷ་མོ་རྟགས་ཅན་གྱི་འཕུར་གྲུ་གསུམ་པའི་ས་འབབ་འཕྲུལ་ཆས་དང་སྐོར་ཞིབ་འཕྲུལ་ཆས་ཀྱིས་ཕན་ཚུན་ལ་པར་བརྒྱབ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ12པའི་ཚེས14ཉིན་གྱི་དུས་ཚོད་ཉེར་གཅིག་དང་སྐར་མ་བཅུ་གཅིག་གི་སྟེང་ཟླ་བའི་ལྷ་མོ་རྟགས་ཅན་གྱི་འཕུར་གྲུ་གསུམ་པའི་འཚོལ་ཞིབ་འཕྲུལ་ཆས་སྔོན་ལ་གཏན་འཁེལ་བྱས་པའི་ཟླ་བའི་ངོས་ཀྱི་འབབ་ཁོངས་སུ་བདེ་བླག་ངང་བབས་པས། རང་རྒྱལ་ནི་འཛམ་གླིང་སྟེང་དུ་ཟླ་བའི་ངོས་སུ་ འཚོལ་ཞིབ་འཕྲུལ་ཆས་འབབ་པ་མངོན་འགྱུར་བྱས་པའི་རྒྱལ་ཁབ་གསུམ་པར་གྱུར། ཚེས15ཉིན་གྱི་ཞོགས་པའི་དུས་ཚོད་བཞི་དང་སྐར་མ་སོ་ལྔའི་སྟེང་ཟླ་བའི་ལྷ་མོ་རྟགས་ཅན་གྱི་འཕུར་གྲུ་གསུམ་པའི་ས་འབབ་འཕྲུལ་ཆས་དང་སྐོར་ཞིབ་འཕྲུལ་ཆས་སོ་སོར་བགར་ནས་རི་བོང་རྟགས་ཅན་གྱི་སྐོར་ཞིབ་འཕྲུལ་ཆས་ཟླ་བའི་ངོས་སུ་གོམ་པ་དང་པོ་སྤོས་བ་དང་། རི་བོང་རྟགས་ཅན་གྱི་སྐོར་ཞིབ་འཕྲུལ་ཆས་ཟླ་བའི་ངོས་སུ་བགྲོད་པ་དེ་ལས་ཀྲུང་ཧྭ་མི་རིགས་ཀྱིས་ཟླ་བར་འཚོལ་ཞིབ་བྱེད་པའི་ཕུགས་འདུན་མངོན་འགྱུར་བྱུང་བ་རེད།

ས་འབབ་འཕྲུལ་ཆས་དང་སྐོར་ཞིབ་འཕྲུལ་ཆས་སོ་སོར་བགར་རྗེས། རི་བོང་རྟགས་ཅན་གྱི་སྐོར་ཞིབ་འཕྲུལ་ཆས་ཀྱིས་ཚེས15ཉིན་གྱི་དགོང་མོར་ས་འབབ་འཕྲུལ་ཆས་པར་བརྒྱབ་པར་མ་ཟད། གནས་དེ་ནས་འཚོལ་ཞིབ་དང་ལྟ་ཞིབ་བྱ་འགུལ་རབས་དང་རིམ་པ་སྤེལ།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག