མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སང་ལོར་ཀྲུང་དབྱང་གིས་མུ་མཐུད་དུ་དམངས་འཚོ་བཟོ་སྐྲུན་ཐད་ལ་མ་དངུལ་མང་ཙམ་གཏོང་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-16 11:00

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས15ཉིན། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བཤད་པ་ལྟར་ན། སང་ལོར་ཀྲུང་དབྱང་གིས་གཙོ་བོ་ཁང་རྙིང་སྒྱུར་བཀོད་བྱེད་པ་སོགས་ཀྱི་ཁྱབ་ཁོངས་སུ་མ་དངུལ་གང་མང་གཏོང་བའི་འཆར་གཞི་བཀོད་ཡོད་པ་དང་། དེ་དང་མཉམ་དུ་ཚད་ཆེན་པོའི་སྒོ་ནས་ཁེ་ལས་ཀྱི་དངུལ་གཏོང་ལས་གཞིའི་ཁྱབ་རྒྱ་ཇེ་ཆུང་དུ་གཏོང་རྒྱུ་རེད་ཟེར།

སང་ལོར་ཀྲུང་དབྱང་གི་སྔོན་རྩིས་ལས་མ་དངུལ་གཙོ་བོ་ཁང་རྙིང་སྒྱུར་བཀོད་དང་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཆ་ཚང་རྨང་གཞིའི་སྒྲིག་ཆས། ཚད་གཞི་མཐོ་བའི་ཞིང་ས་དང་ཞིང་སྡེའི་དམངས་འཚོ་འཛུགས་སྐྲུན། ཆུ་བེད་དང་དབུས་ནུས་རྒྱུད་ཀྱི་ལྕགས་ལམ་སོགས་རྨང་གཞིའི་སྒྲིག་ཆས་གཙོ་བོ་དང་། ནུས་ཁུངས་གྲོན་ཆུང་དང་བཙོག་ཆུ་ཉུང་འདོན་དང་ཁོར་ཡུག་བཅོས་སྐྱོང་བཟོ་སྐྲུན་སོགས་རང་བདག་གསར་སྐྲུན་དང་རྣམ་པ་བསྒྱུར་ཞིང་རིམ་པ་འཕར་བའི་བཟོ་སྐྲུན། དེ་མིན་སློབ་གསོ་དང་སྨན་བཅོས། སྤྱི་ཚོགས་རྒན་གསོ། ཟས་རིགས་སྨན་རྫས་བདེ་འཇགས་སོགས་སྤྱི་ཚོགས་ལས་དོན་དང་སྤྱི་ཚོགས་དོ་དམ། གྲངས་ཉུང་མི་རིགས་དང་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་སོགས་ཁྱབ་ཁོངས་སུ་གཏོང་ངེས་རེད།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བཤད་དོན། སང་ལོར་ཁེ་ལས་དང་མི་སྒེར་གྱིས་མ་དངུལ་གཏོང་བའི་བདག་དབང་དངོས་འབེབས་བྱེད་པ་དང་། ཚད་ཆེན་པོའི་སྒོ་ནས་ཁེ་ལས་དངུལ་གཏོང་ལས་གཞིའི་ཁྱབ་རྒྱ་ཇེ་ཆུང་དུ་གཏོང་རྒྱུ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག