མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་གི་མ་རྐང་གཞན་ལ་སྤྲོད་པའི་མ་ལག་གི་འབྲེལ་ཡོད་གནད་དོན་སྐོར་གྱི་ཆོད་དོན»འགྲེམ་སྤེལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-16 08:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ12པའི་ཚེས14ཉིན«རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་གི་མ་རྐང་གཞན་ལ་སྤྲོད་པའི་མ་ལག་གི་འབྲེལ་ཡོད་གནད་དོན་སྐོར་གྱི་ཆོད་དོན»འགྲེམ་སྟོན་བྱས་པས། དེ་ལས་རིམ་པ་མང་བའི་མ་རྩ་ཚོང་ར་འཛུགས་སྐྲུན་ཐད་ནས་དོན་དངོས་རང་བཞིན་གྱི་གྲུབ་འབྲས་བླངས་པ་མཚོན་ཡོད།

«ཆོད་དོན»ལས་ཕྱོགས་དྲུག་ཐད་ཀྱི་ནང་དོན་གཏན་ལ་ཕབ་པ་སྟེ། རྒྱལ་ཡོངས་ཀྱི་མ་རྐང་གཞན་ལ་སྤྲོད་པའི་མ་ལག་ཞབས་ཞུའི་ཁེ་ལས་འབྲིང་ཆུང་དང་ཁེ་ལས་ཆེས་ཆུང་བའི་འཕེལ་རྒྱས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རིམ་པ་མི་གཅིག་པའི་ཚོང་རའི་བར་གྱི་འབྲེལ་འདྲིས་འཛུགས་པ། སྲིད་འཛིན་ཆོག་མཆན་འགྲོ་ལུགས་སྟབས་བདེར་གཏོང་བ། དངུལ་གཏོང་མཁན་ལ་ལུགས་མཐུན་སྒོས་དོ་དམ་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། དངུལ་གཏོང་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ། མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་བསྣན་ཏེ། སྒོ་བྱང་བཀལ་ཡོད་པའི་ཀུང་ཟི་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བར་ཁོར་ཡུག་བཟང་བོ་བསྐྲུན་དགོས་པ་བཅས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག