ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ12པའི་ཚེས12ཉིན་གྱི་སྔ་དྲོའི་ཆུ་ཚོད9པར། རྒྱལ་ནང་གི་ནུབ་རྒྱུད་མཚོ་འགྲམ་གྱི་མྱུར་བགྲོད་ལྕགས་ལམ་གྱི་དུམ་མཚམས་དང་པོ་མའོ་མིན་ནས་ཀྲན་ཅང་བར་གྱི་ལྕགས་ལམ་བཏིངས་ཚར་ཡོད་པ་རེད།
མའོ་ཀྲན་ལྕགས་ལམ་ནི་ཤར་ངོས་ཀོང་མའོ་ལྕགས་ལམ་གྱི་མའོ་མིང་འབབ་ཚུགས་ཤར་མ་ནས་ནུབ་ལི་ཀྲན་ལྕགས་ལམ་གྱི་ཀྲན་ཅང་འབབ་ཚུགས་བར་ཡིན་པ་དང་། ལམ་བར་དུ་མའོ་མིང་གྲོང་ཁྱེར་དང་ཀྲན་ཅང་གྲོང་ཁྱེར་བརྒྱུད་ཀྱི་ཡོད་ཅིང་། ཆུ་ཚོད་རེར་སྤྱི་ལེ200ཡི་མྱུར་ཚད་ཇུས་འགོད་བྱས་ཡོད་པ། ལམ་ཐིག་ཡོངས་ལ་སྤྱི་ལེ103ཙམ་ཡོད་པ། སྤྱི་ལོ2009ལོའི་ཟླ9པར་ལས་འགོ་བཙུགས་ཡོད་པ་རེད།
ཀོང་ཀྲོའུ་ལྕགས་ལམ་ཕྱོགས་ནས། མའོ་ཀྲན་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཐད་ཀར་ཀོང་ཏུང་ཞིང་ཆེན་གྱི་ཤར་ནུབ་ཕྱོགས་གཉིས་ཤར་གཏོང་ཐུབ་ཀྱི་ཡོད་པས། ཀོང་ཏུང་ནུབ་རྒྱུད་དང་ཧའེ་ནན་ས་ཁུལ། ནང་སའི་སྐམ་ས་ཆེན་མོའི་བར་གྱི་འབྲེལ་བ་ཟབ་ཏུ་འགྲོ་རྒྱུར་ཕན་ཐོགས་ཡོང་རྒྱུ་རེད་ཅེས་བཤད་ཡོད་པ་རེད། །