ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུད་ཀྱི་འགན་འཁུར་མི་སྣས། སྤྱི་ཟླ12པའི་ཚེས12ཉིན། སྤྱི་ལོ2013ལོར། སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུད་ཀྱིས་དུས་ཡུན་ལོ་ཕྱེད་ནང་བྱིས་པའི་མཁོ་ཆས་ཀྱི་སྤུས་ཚད་ལ་ཆེད་དོན་ཞིབ་བཤེར་བྱས་ནས། ཁྱོན་བྱིས་པའི་མཁོ་ཆས་ཆིག་ཁྲི་སྟོང་མེད473སྒྲིག་འཛུགས་བྱས་ཏེ་འཐེན་ཞིབ་བརྟག་དཔྱད་བྱས་པ་དང་། ཁེ་ལས571ཀྱིས་ཐོན་སྐྱེད་བྱས་པའི་ཚད་གཞི་དང་མི་མཐུན་པའི་ཐོན་རྫས644ར་ཁྲིམས་ལྟར་ཐག་གཅོད་བྱས་པས། ནུས་ལྡན་སྒོ་ནས་བྱིས་པའི་མཁོ་ཆས་སྤུས་ཚད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་བཏང་ཡོད་ཅེས་གསུངས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ལོ2013ལོར། བྱིས་པའི་མཁོ་ཆས་ཐད། སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུད་ཀྱིས་ཁག་སོ་སོར་ཀྲེ་ཅང་ཞིང་ཆེན་ཝུན་ལིང་གྲོང་ཁྱེར་དང་ཧེ་པོ་ཞིང་ཆེན་ཕིང་ཤང་རྫོང་དུ་བྱིས་པའི་ལྷམ་དང་བྱིས་པའི་རྩེད་ཆས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་དཔེ་མཚོན་རྣམ་གྲངས་འཛུགས་སྐྱོང་བྱས་ཡོད་པ་རེད། །