མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཧྥུན་ལན་གྲོས་ཁང་གི་མ་འོངས་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལིས་པོ་ཉིན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-10 11:29


རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས9ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥུན་ལན་གྲོས་ཁང་གི་མ་འོངས་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལིས་པོ་ཉིན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས9ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥུན་ལན་གྲོས་ཁང་གི་མ་འོངས་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལིས་པོ་ཉིན་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་ཧྥུན་ལན་རྒྱལ་ཁབ་ནི་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་དང་ཡོ་རོབ་གླིང་གི་ཡིད་རྟོན་རུང་བའི་གྲོགས་པོ་རུ་བརྩི་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་སྔར་ལས་བཟང་བའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དགོས་མཁོ་མཐུན་པའི་ཐབས་ལམ་བཙལ་དགོས་པ་དང་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་དགོས་ལ། ལྷད་མེད་ཐོན་ལས་དང་ཁེ་ལས་གསར་སྐྲུན་སོགས་ཀྱི་འཕར་ས་གསར་བ་འཚོལ་ཞིབ་བྱས་ནས་ཀྲུང་གོ་དང་ཧྥུན་ལན་བར་དུ་དངོས་གཉེར་མཉམ་ལས་བྱེད་ས་གཙོ་བོ་གསར་སྐྲུན་བྱེད་དགོས་ཟེར།

ལིས་པོ་ཉིན་གྱིས་བཤད་རྒྱུར། ཧྥུན་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱེད་པ་དང་། ལྷད་མེད་འཕེལ་རྒྱས་ཀྱི་ཉམས་མྱོང་ལོངས་སུ་སྤྱད་དེ་ཁོར་ཡུག་བཙོག་བཟོ་སོགས་འཛམ་གླིང་རང་བཞིན་གྱི་གནད་དོན་ལ་ཁ་གཏད་འཇལ་འདོད་ཡོད་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག