མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་མཚོ་འགག་འགྲམ་གཉིས་དང་ཞང་ཀང་དམངས་ཁྲོད་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེངས་སྟེགས་སྐབས་བཞི་བར་ཞུགས་པའི་འཐུས་མིར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-10 11:29


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས9ཉིན་པེ་ཅིན་ནས་མཚོ་འགག་འགྲམ་གཉིས་དང་ཞང་ཀང་དམངས་ཁྲོད་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེངས་སྟེགས་སྐབས4བར་ཞུགས་པའི་འཐུས་མིར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས9ཉིན་པེ་ཅིན་ནས་མཚོ་འགག་འགྲམ་གཉིས་དང་ཞང་ཀང་དམངས་ཁྲོད་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེངས་སྟེགས་སྐབས4བར་ཞུགས་པའི་འཐུས་མིར་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཡུས་ཀྲིན་ཧྲིན་གྱིས་གླེང་སྟེགས་ཀྱིས་མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་ལ་བདེ་སྐྱིད་སྐྲུན་པ། ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་དངོས་ཤུགས་ཇེ་ཆེར་དུ་གཏོང་བ་བཅས་ཀྱི་ཐད་ལ་ནུས་པ་གལ་ཆེན་བཏོན་པར་ཁས་ལེན་གང་ལེགས་མཛད། ཁོང་གིས་གསུངས་རྒྱུར། ཉེ་ལམ་ཚོགས་པའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཐབས་ཇུས་དང་བཀོད་སྒྲིག་གཏན་འཁེལ་བྱས། སྐམ་ས་ཆེན་པོ་རུ་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་མུ་མཐུད་དུ་སྒོ་འབྱེད་རྒྱ་བསྐྱེད་ན་ངེས་པར་དུ་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་ཐད་ལ་མདུན་ལྗོངས་གསར་བ་ཞིག་བསྐྲུན་དགོས་པར་མ་ཟད། མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ཐད་ལ་ཚོང་ལས་ཀྱི་གོ་སྐབས་མང་པོ་དང་སྟོབས་དང་ལྡན་པའི་སྒུལ་ཤུགས། སྔར་ལས་ཆེ་བའི་མཉམ་ལས་བྱེད་ས་བཅས་འདོན་སྤྲོད་བྱེད་ངེས་ཡིན་ཟེར།

ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། གླེང་སྟེགས་ཀྱིས་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བཟང་བོ་བྱས་ཏེ། མཚོ་འགག་འགྲམ་གཉིས་དང་ཞང་ཀང་གི་ཁེ་ལས་སྔར་ལས་མང་པོ་ཞིག་མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ཐད་ལ་ཞུགས་པར་སྐུལ་འདེད་གཏོང་བ་དང་། གསར་སྐྲུན་མཉམ་ལས་ཀྱི་རྣམ་པར་འཚོལ་ཞིབ་དང་མཉམ་ལས་ཀྱི་སྤུས་ཚད་ཇེ་མཐོར་བཏང་ནས་མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། ཁེ་ལས་པ་རྣམས་ཀྱིས་མེས་རྒྱལ་གྱི་སྐམ་ས་ཆེན་པོ་རུ་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་གོ་སྐབས་དམ་འཛིན་བྱེད་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་སུ་འགྲོ་བའི་གནས་བབ་བཟང་བོ་གསལ་བོར་ཤེས་བྱས་ནས། མཚོ་འགག་འགྲམ་གཉིས་དང་ཞང་ཀང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག