མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧན་གོ་རྒྱལ་ཚོགས་ཀྱི་གྲོས་དཔོན་ཅང་ཁྲང་ཞི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-07 11:38


ཟླ12པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧན་གོ་རྒྱལ་ཚོགས་ཀྱི་གྲོས་དཔོན་ཅང་ཁྲང་ཞི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས6ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧན་གོ་རྒྱལ་ཚོགས་ཀྱི་གྲོས་དཔོན་ཅང་ཁྲང་ཞི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ད་ལྟ་ཀྲུང་གོ་དང་ཧན་གོ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་བཟང་བོ་བྱུང་ཡོད་ལ། ཕྱོགས་གཉིས་ཀྱིས་མཐོ་རིམ་བར་གྱི་འགྲོ་འོང་མུ་མཐུད་དུ་སྲུང་འཛིན་བྱས་ནས། འཐབ་ཇུས་འབྲེལ་འདྲིས་དང་ཕན་ཚུན་བར་གྱི་ཡིད་ཆེས་ལ་ཤུགས་བསྣན་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་དེ་རང་སོ་སོའི་འཕེལ་རྒྱས་འཐབ་ཇུས་དང་ཟུང་འབྲེལ་བྱས་ནས། ཁེ་ཕན་དང་མཉམ་ལས་ཀྱི་མཐུན་རྐྱེན་སྔར་ལས་མང་པོ་གསར་བསྐྲུན་བྱས་ཏེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

ཅང་ཁྲང་ཞི་ཡིས་བཤད་རྒྱུར། ད་ལྟ་ཧན་གོ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་དེ་ལོ་རྒྱུས་སྟེང་གི་ཆེས་བཟང་བའི་དུས་སྐབས་ཤིག་ཏུ་གནས་ཡོད་པས། ཧན་གོ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་བརྗེ་རེས་དང་དངོས་གཉེར་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་འཇོག་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག