མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་བུའུ་ཁི་ལན་གྱི་ཙུང་ཐུང་ཡ་ནུའུ་ཁི་བེ་ཆི་དང་གྲོས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-06 10:55


ཟླ12པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བུའུ་ཁི་ལན་གྱི་ཙུང་ཐུང་ཡ་ནུའུ་ཁི་བེ་ཆི་དང་གྲོས་མོལ་མཛད། པར་འདི་ནི་གྲོས་མོལ་མ་བྱས་པའི་སྔོན་ལ། ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་མཛད་སྒོ་བསྡུས་ཏེ་ཡ་ནུའུ་ཁི་བེ་ཆི་ལ་དགའ་བསུ་ཞུ་བཞིན་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ12པའི་ཚེས5ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བུའུ་ཁི་ལན་གྱི་ཙུང་ཐུང་ཡ་ནུའུ་ཁི་བེ་ཆི་དང་གྲོས་མོལ་མཛད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་བུའུ་ཁི་ལན་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཐུན་མོང་གིས་སེམས་ཁུར་བྱེད་བཞིན་པའི་གནད་དོན་ཐད་ལ་དགོངས་འཆར་བརྗེ་རེས་ཟབ་མོ་མཛད་པར་མ་ཟད། ཐུན་མོང་གི་ལྟ་བ་རྒྱ་ཆེན་པོ་བྱུང་།

ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་བུའུ་ཁི་ལན་གཉིས་ཀྱི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་གྲོས་གཞི་བཞི་བཏོན་པ་སྟེ། གཅིག་ནས་མཐོ་རིམ་བར་གྱི་འགྲོ་འོང་ལ་ཤུགས་བསྣན་ཏེ། འཐབ་ཇུས་གཉིས་ཕན་དང་ཕན་ཚུན་ལ་ཡིད་ཆེས་བྱེད་པ་ཇེ་དམ་དུ་གཏོང་དགོས་པ་དང་། གཉིས་ནས་དངོས་གཉེར་མཉམ་ལས་ལ་ཡར་སྐུལ་གཏོང་དགོས། གསུམ་ནས་མི་གཞུང་བརྗེ་རེས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དགོས། བཞི་ནས་རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་མཉམ་ལས་ཇེ་དམ་དུ་གཏོང་དགོས་ཟེར།

ཡ་ནུའུ་ཁི་བེ་ཆི་ཡིས་ཞི་ཅིན་ཕེན་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་བཏོན་པའི་གྲོས་གཞིར་ཡོངས་སུ་འཐད་པ་ཡིན་པའི་ཚུལ་བསྟན་པར་མ་ཟད། བུའུ་ཁི་ལན་དང་ཀྲུང་གོའི་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། བུའུ་ཁི་ལན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱེད་རྒྱུ་དང་། ཀྲུང་གོའི་གཅིག་གྱུར་གྱི་ལས་དོན་ཆེན་པོར་རོགས་སྐྱོར་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་བར་གྱི་འགྲོ་འོང་དང་ཏང་བར་གྱི་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག