མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཨ་མེ་རུ་ཁའི་ཙུང་ཐུང་གཞོན་པ་པད་ཏིན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-06 10:55


ཟླ12པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རུ་ཁའི་ཙུང་ཐུང་གཞོན་པ་པད་ཏིན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རུ་ཁའི་ཙུང་ཐུང་གཞོན་པ་པད་ཏིན་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨ་མེ་རུ་ཁའི་བར་འབྲེལ་བ་བཙུགས་ནས་ལོ་སོ་ལྔའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ་དང་། ཐུན་མོང་གི་ཁེ་ཕན་རྒྱ་བསྐྱེད་ཅིང་འགལ་བ་སྣ་ཚོགས་འོས་འཚམ་སྒོས་ཐག་བཅད་ནས། ཀྲུང་གོ་དང་ཨ་མེ་རུ་ཁའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

པད་ཏིན་གྱིས་བཤད་རྒྱུར། ཨ་མེ་རུ་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱད་སྟོབས་ཁ་གསབ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་བསྐྱེད་ཅིང་རང་བྱུང་སོལ་རླངས་དང་དག་གཙང་ནུས་ཁོངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་མང་དུ་གཏོང་བར་མ་ཟད་རྒྱལ་ཁབ་གཉིས་ཀྱི་དངུལ་གཏོང་གྲོས་མཐུན་འགོད་པའི་གྲོས་མོལ་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག