མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་དུས་བཅད་ལྟར་དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་ལ་ཁ་པར་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-21 10:37

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས19ཉིན་གྱི་དགོང་མོར་དུས་བཅད་ལྟར་དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་ལ་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་དབྱི་ལང་བར་གྱི་འབྲེལ་བ་དང་དབྱི་ལང་གི་ཉིང་རྡུལ་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལང་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། རྒྱང་རིང་ལ་དམིགས་ཏེ་ཀྲུང་གོ་དང་དབྱི་ལང་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་ཡིན། ང་ཚོས་དབྱི་ལང་ཕྱོགས་དང་འབྲེལ་འདྲིས་དམ་པོ་བྱས་ནས། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

དབྱི་ལང་གི་ཉིང་རྡུལ་གནད་དོན་ཐད་ནས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོས་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་ཡོང་བའི་རྩ་དོན་ལྟར་གྲོས་མོལ་གྱི་ཐབས་ལམ་ལ་བརྟེན་ནས་གནད་དོན་ཞི་བས་ཐག་གཅོད་པའི་འདོད་ཚུལ་བཅངས་ཡོད་པ་དང་། ཀྲུང་གོས་དབྱི་ལང་སྲིད་གཞུང་གིས་ནུས་ལྡན་བྱེད་ཐབས་སྤྱད་པར་གཟེངས་བསྟོད་བྱེད་བཞིན་པར་མ་ཟད། དབྱི་ལང་གིས་རྒྱལ་སྤྱིའི་སྤྱི་ཚོགས་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་པར་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

ལུའུ་ཧ་ཉི་ཡིས་བཤད་རྒྱུར། དབྱི་ལང་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་གྱི་འགྲོ་འོང་ཆུ་བོའི་རྒྱུན་བཞིན་རིང་ལ། ཀྲུང་གོའི་བར་གྱི་འབྲེལ་བ་ནི་དབྱི་ལང་ཕྱི་འབྲེལ་གྱི་ཐོག་མའི་ཁ་ཕྱོགས་ཡིན། དབྱི་ལང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་བཟང་བོ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག