མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལིས་ཀྲུང་གོ་དང་ཡོ་རོབ་གླིང་གི་གྲོང་ཁྱེར་དངོས་མང་འགྲེམ་སྟོན་ཚོགས་འདུ་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་འགྲེམ་སྟོན་ལ་གཟིགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-21 10:37


སྤྱི་ཟླ11པའི་ཚེས20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་པེ་ཅིན་དངོས་མང་འགྲེམ་སྟོན་ཁང་ནས་ཀྲུང་གོ་དང་ཡོ་རོབ་གླིང་གི་གྲོང་ཁྱེར་དངོས་མང་འགྲེམ་སྟོན་ཚོགས་འདུ་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་འགྲེམ་སྟོན་ལ་གཟིགས། པར་འདི་ནི་ཀྲང་ཀའོ་ལིས་ཀྱིས་དངོས་མང་འགྲེམ་སྟོན་ཚོགས་འདུ་མགོ་བརྩམས་པ་ཁྱབ་བསྒྲགས་གནང་བཞིན་པའི་ཚུལ་རེད།

སྤྱི་ཟླ11པའི་ཚེས20ཉིན།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་པེ་ཅིན་དངོས་མང་འགྲེམ་སྟོན་ཁང་ནས་ཀྲུང་གོ་དང་ཡོ་རོབ་གླིང་གི་གྲོང་ཁྱེར་དངོས་མང་འགྲེམ་སྟོན་ཚོགས་འདུ་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་འགྲེམ་སྟོན་ལ་གཟིགས། པར་འདི་ནི་ཀྲང་ཀའོ་ལིས་ཀྱིས་དངོས་མང་འགྲེམ་སྟོན་ལ་གཟིགས་པའི་ཚུལ་རེད།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚེས20ཉིན་པེ་ཅིན་དངོས་མང་འགྲེམ་སྟོན་ཁང་ནས་ཀྲུང་གོ་དང་ཡོ་རོབ་གླིང་གི་གྲོང་ཁྱེར་དངོས་མང་འགྲེམ་སྟོན་ཚོགས་འདུ་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་དང་། འགྲེམ་སྟོན་མགོ་བརྩམས་པ་ཁྱབ་བསྒྲགས་མཛད་པར་མ་ཟད་འགྲེམ་སྟོན་ལ་གཟིགས།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཐེངས་འདིའི་ཀྲུང་གོ་དང་ཡོ་རོབ་གླིང་གི་གྲོང་ཁྱེར་དངོས་མང་འགྲེམ་སྟོན་ཚོགས་འདུ་ལས་ཕྱོགས་གཉིས་ཀྱི་སྲིད་གཞུང་གིས་གྲོང་ཁྱེར་ལ་དོ་དམ་དང་། གྲོང་ཁྱེར་འཛུགས་སྐྲུན། ལོ་རྒྱུས་དང་རིག་གནས་རྒྱུན་འཛིན། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཅས་བྱེད་པའི་ཐད་ཀྱི་འདུ་ཤེས་དང་ལག་ལེན་ངོམ་པར་མ་ཟད། གྲོང་ཁྱེར་འཛུགས་སྐྲུན་དང་བདག་གཉེར་བྱེད་པའི་ཐད་ཀྱི་བྱེད་ཐབས་དང་ཉམས་མྱོང་བཟང་བོ་འཚོལ་ཞིབ་དང་བརྗེ་རེས་བྱས་ནས། ཀྲུང་གོ་དང་ཡོ་རོབ་གླིང་གི་གྲོང་བརྡལ་ཅན་གྱི་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་བཟང་བོ་ཐོན་ཐུབ་ཟེར།

འགྲེམ་སྟོན་ཚོགས་འདུ་མགོ་མ་བརྩམས་གོང་། ཀྲང་ཀའོ་ལིས་ཀྱིས་ཀྲུང་གོར་དངོས་མང་འགྲེམ་སྟོན་ཚོགས་འདུར་ཞུགས་པར་ཡོང་བའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཁ་ལ་སི་སོགས་ལ་མཇལ་འཕྲད་གནང་བར་མ་ཟད་མཛའ་མཐུན་ལྡན་པའི་ངང་གྲོས་མོལ་མཛད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག