མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་བཙུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-20 10:34

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་མཐོ་རླབས་ཤིག་སློང་བར་སྐུལ་འདེད་གཏོང་ཆེད། ཀྲུང་དབྱང་གིས་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ལས་གྲུབ་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་འཛུགས་རྒྱུའི་ཐག་བཅད།

ཚེས19ཉིན་ནས་བཟུང་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་མི་སྣས་མཉམ་དུ་སློབ་ཁྲིད་ལ་གྲ་སྒྲིག་བྱེད་མགོ་བརྩམས། ཚང་མས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེར་གོ་བ་ཟབ་མོ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་སྒྲོག་འགྲེལ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྐུལ་སློང་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་དེར་གོ་བ་ཟབ་མོ་བླངས་པར་མ་ཟད། ཚང་འཛོམས་གྲོས་ཚོགས་སྟེང་གཏན་ལ་ཕབ་པའི་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ལྟ་བ་གསར་བ་དང་རྒྱས་བཤད་གསར་བ། བྱེད་ཐབས་གསར་བ་བཅས་ལ་དམིགས་པ་དང་། ད་ལྟ་ལས་བྱེད་པ་དང་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་བཞིན་པའི་གནད་དོན་གཙོ་བོར་དམིགས་ཏེ། བསམ་གཞིགས་གཏོང་བ་དང་ཞིབ་འཇུག་ཟབ་མོ་བྱས་ནས། སྒྲོག་འགྲེལ་མ་ཡིག་ལ་གྲ་སྒྲིག་བཟང་བོ་བྱེད་ཀྱིན་ཡོད།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཚེས22ཉིན་པེ་ཅིན་ནས་སྙན་ཞུ་ཐོག་མ་འབུལ་རྒྱུ་དང་། ཚེས23ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་སྒྲོག་འགྲེལ་བྱེད་པར་འགྲོ་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག