མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྐུལ་སློང་ཚོགས་འདུ་པེ་ཅིན་ནས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-20 10:33

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྐུལ་སློང་ཚོགས་འདུ་ཚེས་བཅུ་དགུ་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་རྩ་འཛུགས་བྱེད་པ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིན་ཡིན། སྒྲོག་འགྲེལ་བྱ་བའི་གནད་འགག་ནི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་ནང་དོན་ཁ་ཚང་དུ་འགྲེལ་བཤད་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཕྱོགས་ཡོངས་ནས་གོ་བ་ལེན་པ་དང་། ཚང་འཛོམས་གྲོས་ཚོགས་སྟེང་གཏན་ལ་ཕབ་པའི་བསམ་བློ་གསར་བ་དང་རྒྱས་བཤད་གསར་བ། བྱེད་ཐབས་གསར་བ་བཅས་ཕྱོགས་ཡོངས་ནས་གོ་བ་ལེན་པར་རོགས་རམ་བྱེད་རྒྱུ་དེ་ཡིན་པས། ས་གནས་སོ་སོས་སྒྲོག་འགྲེལ་བྱ་འགུལ་སྣ་ཚོགས་རྩ་འཛུགས་བྱེད་དགོས་པ་དང་། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་གཞི་རིམ་དུ་སོང་སྟེ་སྒྲོག་འགྲེལ་བྱས་ནས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་རེ་བའི་སྟེང་གཅིག་གྱུར་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་བཟང་བོ་དང་དྲིལ་སྒྲོག་བཟང་བོ། ལག་ལེན་མཐར་ཕྱིན་བཟང་བོ་བཅས་བྱེད་རྒྱུ་ནི་ད་ལྟ་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས་པར་མ་ཟད། ཀྲུང་དབྱང་གི་བཀོད་སྒྲིག་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་་ཅིན་ཕེན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་རེ་བ་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྒྲོག་འགྲེལ་བྱ་འགུལ་ཡོངས་ཁྱབ་ཏུ་སྤེལ་དགོས་ཞེས་ནན་གྱིས་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག